R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༦བ
[A:༢༦བ]དཔལ་ལྡན་རྡོ་རྗེ། མཚུངས་མེད་རི་ཁྲོད་པ་ཀུན་དགའ་མཆོག་ལྡན། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲ། དེ་ལྟར་སྔོན་འགྲོའི་ཆོས་སུ་ས་སྐྱ་པའི་ཐུན་མོང་མ་ཡིན་པའི་བློ་སྦྱོང་དུ་གྲགས་པའི་ཞེན་པ་བཞི་བྲལ་གྱི་གདམས་པ་ཉམས་ཁྲིད་དུ་བསྩལ་ནས། ༈ །དངོས་གཞི་བདེ་མཆོག་གི་ཁྲིད་རྣམས་གནང་བའི་ཐོག་མར་གྲུབ་ཆེན་ནག་པོ་སྤྱོད་པའི་ལུགས་ཀྱི་དཔལ་འཁོར་ལོ་སྡོམ་པའི་བསྐྱེད་རིམ་གྱི་བཤད་པ་ཤིན་ཏུ་ཞིབ་པ་སེམས་འཛིན་གྱི་ཁྲིད་དང་བཅས་པ་སྨིན་རྒྱས་སུ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ས་ར་ཧ། འཕགས་པ་ཀླུ་སྒྲུབ། རི་ཁྲོད་པ་ཆེན་པོ། ལཱུ་ཧི་པ། དྷཱ་རི་ཀ རུས་སྦལ་ཞབས། ཤྲཱི་ཛ་ལནྡྷ་ར། ནག་པོ་སྤྱོད་པའི་རྡོ་རྗེ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཨནྟ་ར་པ། ཏི་ལོ་པ། ནཱ་རོ་པ། གཅེན་འཇིགས་མེད་གྲགས། གཅུང་དུས་འཁོར་བ། ཤེས་རབ་བརྩེགས་པ། བློ་གྲོས་གྲགས་པ། དཔལ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ས་པཎྜི་ཏ་ཀུན་དགའ་རྒྱལ་མཚན། ཆོས་རྒྱལ་འཕགས་པ། དཀོན་མཆོག་དཔལ། བསོད་ནམས་དཔལ། རི་ཁྲོད་པ་བློ་གྲོས་བརྟན་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། ཞ་ལུ་པ་སངས་རྒྱས་དཔལ་བཟང་། མཁས་གྲུབ་དཔལ་ལྡན་རྒྱལ་པོ། ཆོས་རྗེ་བཟང་པོ་དཔལ་བ། པཎ་ཆེན་ནམ་མཁའ་དབང་ཕྱུག རྗེ་བཙུན་ཆོས་དབང་ཕྱུག འཁོར་ལོ་སྡོམ་པ་སངས་རྒྱས་རྒྱལ་མཚན། དེས་བདག་