[A:༢༧ན]ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་འཁོར་ལོ་བདེ་མཆོག་ལཱུ་ཧི་པའི་ལུགས་ཀྱི་བསྐྱེད་རིམ་གྱི་བཤད་པ་དཀའ་གནས་མཐའ་ཆོད་དང་བཅས་པ་སེམས་འཛིན་གྱི་དམིགས་ཁྲིད་ཀྱི་གནད་ཟབ་མོས་བརྒྱན་པ། དེའི་རྫོགས་རིམ་གྱི་ཁྲིད་བསྡུ་བ་གསུམ་སོགས་ཉམས་ཁྲིད་དུ་མནོས་ཤིང་། ༈ །ཡང་འཁོར་ལོ་བདེ་མཆོག་དྲིལ་བུ་པ་ལུགས་ཀྱི་ལུས་དཀྱིལ་གྱི་བཤད་པ་ཤིན་ཏུ་མཐའ་ཆོད་སེམས་འཛིན་གྱི་ཁྲིད་ཟབ་མོ་དང་བཅས་ཐོབ་པ་དེ་དག་གི་བརྒྱུད་པ་ནི། རྡོ་རྗེ་འཆང་ཆེན། གསང་བའི་བདག་པོ། ས་ར་ཧ། ཀླུ་སྒྲུབ་ཞབས། ཤ་བ་རི་པ། ལཱུ་ཧི་པ། དྷ་རི་ཀ་པ། དྲིལ་བུ་པ། རུས་སྦལ་ཞབས། འབུར་འཛིན་པ། ནག་པོ་པ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏེ་ལོ་པ། ནཱ་རོ་པ། ཕཾ་ཐིང་པ། ཤེས་རབ་བརྩེགས། མལ་ལོ་ཙཱ་བ། ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ས་པཎྜི་ཏ། འཕགས་པ་རིན་པོ་ཆེ། ཞང་སྟོན། བྲག་ཕུག་པ། འགྲོ་མགོན་བསོད་ནམས་རྒྱལ་མཚན། བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་པ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། རྗེ་བུདྡྷའི་མཚན་ཅན། དཔལ་ལྡན་རྒྱལ་པོ། བཟང་པོ་དཔལ་བ། རྗེ་ནམ་དབང་བ། མཁན་ཆེན་ཆོས་དབང་བ། མུས་ཆེན་སངས་རྒྱས་རྒྱལ་མཚན། དེས་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་གོང་གི་བརྒྱུད་པ་དེ་ཉིད་ལས་འོངས་པའི་དཔྱིད་དང་ཐིག་ལེ་ཞལ་སྦྱོར་