[A:༢༨ན]སོ། །གཞན་ཡང་ཉུང་ངུ་མཚམས་སྦྱོར། སུ་མ་ཏི་ཀིརྟིས་མཛད་པ་གྲགས་མཆོག་ཤེས་རབ་ཀྱི་འགྱུར། རྒྱུན་བཤགས་བྷུ་རི་པས་མཛད་པ་དང་། བོད་གཞུང་ལ། རྗེ་ས་སྐྱ་པ་ཆེན་པོས་མཛད་པའི་རྩ་རྒྱུད་ཀྱི་ལེ་འགྲེལ་དང་། དཀའ་འགྲེལ་གཉིས། མན་ངག་ནག་འབུམ་དུ་གྲགས་པའི་ཆོས་ཀྱི་རྣམ་གྲངས་ལ། སློབ་དཔོན་ནག་པོ་སྤྱོད་པའི་ལོ་རྒྱུས། གཞུང་དྲུག་སྤྱིའི་རྣམ་གཞག དཀྱིལ་ཆོག སྒྲུབ་ཐབས། སྦྱིན་སྲེག གསང་བ་དེ་ཁོ་ན་ཉིད་གསལ་བ། ཨོ་ལ་པ་ཏི། དཔྱིད་ཐིག་རྣམས་ཀྱི་ས་བཅད་རེ་རེ། རས་བྲིས་ལ་བརྟེན་པའི་དཀྱིལ་ཆོག མངོན་རྟོགས་ཀྱི་ཊཱིཀྐ། སྦྱིན་སྲེག་གི་ཊཱིཀྐ། དེའི་ལག་ལེན། རོ་སྲེག གསང་བའི་དེ་ཁོ་ན་ཉིད་གསལ་བའི་ཊིཀྐ། དེའི་ཚིག་དོན་བསྡུས་པའི་གོ་འབྱེད་ཨོ་ལ་པའི་རྣམ་བཤད། དཔྱིད་ཐིག་གི་ཊིཀྐ་སྟེ་ཆོས་ཀྱི་རྣམ་གྲངས་བཅུ་བདུན་ཡོད་པ་དང་། གཉན་གྱི་མཛད་པའི་ལཱུ་ཧི་པའི་འབྲུ་འབུམ། དྲིལ་བུ་པའི་དབང་གི་བྱ་བ་རྗེ་བཙུན་རྩེ་མོས་མཛད་པ། རྗེ་བཙུན་གྱིས་མཛད་པའི་ཧེ་རུ་ཀའི་བྱུང་ཚུལ། ལཱུ་ཧི་པའི་མངོན་རྟོགས་ཀྱི་དོན་འགྲེལ་ཆེན་མོ། ནག་པོ་དཀྱིལ་ཆོག་གི་ས་བཅད་འཁྲུགས་ཅན་དང་འཁྲུགས་མེད་གཉིས། ནག་པོ་པའི་སྒྲུབ་ཐབས་དང་། སྦྱིན་སྲེག་གི་ས་བཅད། ནག་པོ་དཀྱིལ་ཆོག་གི་འགྲེལ་པ་བཤད་སྦྱར་དུ་གྲགས་པ། དཀྱིལ་མཆོག་ལག་ཏུ་བླང་བའི་རིམ་པ། དྲིལ་བུ་པའི་སྒྲུབ་ཐབས། ཚེས་བཅུའི་མཆོད་པ་བྱ་ཚུལ། བརྒྱུད་པའི་ལོ་རྒྱུས་དཀར་ཤཱཀྱ་གྲགས་དང་། ཤར་པ་རྡོ་རྗེ་འོད་ཟེར་གྱིས་མཛད་པ། བླ་མ་རྡོ་རྗེ་འཆང་ཆེན་པོས་མཛད་པའི་བདེ་མཆོག་བླ་མ་མཆོད་པའི་ཆོག་ཆོས་དང་བསོད་ནམས་