[A:༢༨བ]རབ་རྒྱས། མུས་ཆེན་སེམས་དཔའ་ཆེན་པོས་མཛད་པའི་ལཱུ་ནག་དྲིལ་གསུམ་རིམ་པ་བཞིན་ཉམས་སུ་བླང་ཚུལ། དཀྱིལ་འཁོར་རྒྱལ་མཆོག་གི་ངག་འདོན། ལཱུ་ནག་དྲིལ་གསུམ་གྱི་བུམ་བསྐྱེད། བདེ་གཤེགས་ས་བཟུང་། ཀུན་མཁྱེན་ཆེན་པོས་མཛད་པའི་བདེ་མཆོག་ཆོས་འབྱུང་། བསྐྱེད་རིམ་གྱི་རྣམ་བཤད། ལཱུ་ནག་གཉིས་ཀྱི་མངོན་རྟོགས། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། ཁ་ཆེ་རིན་ཆེན་རྡོ་རྗེས་མཛད་པ་ལ་འཕགས་པ་རིན་པོ་ཆེས་བཅོས་ཤིང་དག་པར་མཛད་པ་དང་། པཎ་ཆེན་ཉི་ཟླ་སེང་གེས་མཛད་པའི་བདེ་མཆོག་ནག་པོ་ལུགས་ཀྱི་བསྐྱེད་རིམ་གྱི་རྣམ་བཤད། རྗེ་བཟང་པོ་དཔལ་བས་མཛད་པའི་བདེ་མཆོག་ལཱུ་ནག་དྲིལ་གསུམ་གྱི་བསྐྱེད་རིམས་ཀྱི་རྣམ་བཤད་ཆེན་མོ་རྣམས་དང་། རྗེ་དེ་ཉིད་ཀྱི་མཛད་པའི་དཔྱིད་དང་ཐིག་ལེ་ཞལ་སྦྱོར་གྱི་རྫོགས་རིམས་ཀྱི་ཁྲིད་ཡིག་རྣམས་ཀྱི་ལུང་ཡང་ཐོས་སོ། ༈ །རྫོགས་རིམ་ཟབ་མོ་ནག་པོ་རིམ་བཞིར་གྲགས་པའི་ཁྲིད་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ས་ར་ཧ། ཀླུ་སྒྲུབ། ཤ་བ་རི། ལཱུ་ཧི་པ། དྷཱ་རི་ཀ་པ། རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། ཤྲཱི་ཛ་ལནྡྷ་ར་པ། ནག་པོ་སྤྱོད་པ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏི་ལོ་པ། ནཱ་རོ་པ། ཕམ་མཐིང་པ་སྐུ་མཆེད། ཀློག་ཀྱ་བ། མལ་ལོ་ཙཱ་བ། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་པ། འཕགས་པ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། བློ་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྗེ་ཀུན་དགའ་བཟང་པོ། མུས་ཆེན་འཁོར་ལོ་སྡོམ་པ། ཀུན་མཁྱེན་བསོད་ནམས་སེང་གེ ཡོངས་འཛིན་