R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨བ
[A:༨བ]གཉིས་གཞུང་ཤིང་ཆེན་པོ་བཞི། །རྟོགས་བསྐྱེད་ཆོས་ལྔ་ལམ་ཟབ་བླ་མ་རྣམས། །ཉམས་མྱོང་ཚད་མའི་ཆོས་སྣ་ཉེར་དགུ་ཡིན། །ལུང་གི་ཚད་མ་ལུང་སྦྱོར་རྣམ་པ་བཞི། །བླ་མ་ཚད་མ་རྒྱ་བོད་རྣམ་ཐར་གཉིས། །མན་ངག་ཕྲ་མོར་བཅས་པ་དྲུག་བཅུ་འོ། །ཞེས་པ་ལྟར་གླེགས་བམ་དཀར་ཆག་ཏུ་ཐེབས་པའི་ཆོས་སྣ་དྲུག་ཅུ་ལས། གླེགས་བམ་འདིར་ཅིས་ཀྱང་བཞུགས་དགོས་པའི་ཆོས་སྣ་ཞེ་དགུ་ལས། དང་པོ་པ་དང་། ཐུན་མོང་དུ་ལོགས་སུ་བཞུགས་ཀྱང་རུང་བའི་ཆོས་སྣ་བདུན་དང་བཅས་པ་ལེགས་པར་ཐོས། མན་ངག་ཕྲ་མོའི་རྐང་གྲངས་ལོགས་སུ་བསྒྲིགས་པ་མཚན་པོ་ཏི་དམར་བཏུས་སུ་གྲགས་པ་ཐོབ་པའི་རྣམ་གྲངས་ལ། ཐོག་མར་བླ་མ་ཚད་མའི་སྐབས་སུ། བླ་མ་བརྒྱུད་པའི་གསོལ་འདེབས་རྗེ་པས་མཛད་པ། དེའི་ཁ་སྐོང་ཤར་པས་མཛད་པ། ས་བིར་མཇལ་བའི་ལོ་རྒྱུས་རྗེ་པས་སྒ་ཐང་ལ་གནང་བ། ཉམས་མྱོང་ཚད་མའི་སྐབས་སུ་གཞུང་ཇི་ལྟ་བ་བཞིན་དཀྲི་བའི་ཁྲིད་ཡིག་རྗེ་པས་བྲ་སྟོན་ལ་གནང་བ། སྨིན་བྱེད་ཀྱི་སྐབས་སུ་སངས་རྒྱས་སྤྱན་གྱི་རྣལ་འབྱོར་དང་། ཨཥྚའི་བཟླས་ལུང་ས་ཆེན་གྱིས་མཛད་པ། ཨཥྚའི་གཞི་བཤད་ས་པཎ་གྱིས་མཛད་པ། བདུད་རྩི་རིལ་བུའི་སྒྲུབ་ཐབས་འཕགས་པས་མཛད་པ། དབང་གི་རབ་དབྱེ་རྗེ་པའི་གསུང་ལས་ཞང་བཙུན་གྱིས་བྲིས་པ། རྗེ་པས་སྒ་སྟོན་ལ་སྤྲིངས་པ། ཕྱི་ནང་གསང་གསུམ་གྱི་མཎྜལ་ས་པཎ་གྱིས་མཛད་པ། དེའི་ཁ་སྐོང་ཤར་ཆེན་གྱིས་མཛད་པ། ལུས་སྦྱོང་ཉི་ཤུ་པ་ནོར་བཟང་གིས་མཛད་པ། ལུས་གནད་ཀྱི་མན་ངག་དམར་གྱིས་མཛད་པ། བདག་མེད་མའི་བྱིན་རླབས་རྗེ་པས་མཛད་པ། གཏུམ་