[A:༢༩ན]དཀོན་མཆོག་འཕེལ་བ། རྗེ་སངས་རྒྱས་རིན་ཆེན། ས་ལོ་འཇམ་པའི་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་ངོར་ཆེན། པཎ་ཆེན་གྲགས་རྒྱལ། མཁན་ཆེན་ལེགས་འབྱུང་། ས་ལོ་འཇམ་པའི་རྡོ་རྗེ་མན་འདྲ། ཡང་ན་ངོར་ཆེན། རྒྱལ་ཚབ་ཀུན་དབང་། འདྲེན་མཆོག ས་ལོ་ཐམས་ཅད་མཁྱེན་པ་མན་གོང་དང་འདྲ། རྗེ་ས་སྐྱ་པ་ཆེན་པོས་མཛད་པའི་རིམ་བཞི་ལམ་སློང་མཆན་བུ་དང་བཅས་པའི་ལུང་བཤད་ཞིབ་མོ་དང་། རྗེ་ཀུན་མཁྱེན་གྱིས་མཛད་པའི་ཁྲིད་ཡིག་གི་ལུང་ཡང་ཐོས་སོ། །ཡང་འཁོར་ལོ་བདེ་མཆོག་རྫོགས་རིམ་དྲིལ་བུ་རིམ་ལྔར་གྲགས་པའི་ཁྲིད་སྔོན་འགྲོའི་བྱིན་རླབས་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། སློབ་དཔོན་རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། འབར་བ་འཛིན་པ། ནག་པོ་སྤྱོད་པ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏི་ལོ་པ། ནཱ་རོ་པ། ཕཾ་མཐིང་པ་སྐུ་མཆེད། ཀློག་ཀྱ་ཤེས་རབ་བརྩེགས། མལ་ལོ་ཙཱ་བ། ས་སྐྱ་པ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན། ས་སྐྱ་པཎ་ཆེན། འགྲོ་མགོན་འཕགས་པ། བོ་དོང་བརྩོན་རྡོར་བ། ཁྲོ་ཕུ་བསོད་སེང་། ཡང་རྩེ་བ་རིན་ཆེན་སེང་གེ མཉན་མཁར་བ་བཀྲས་བཟང་། ཁྱུང་ལྷས་གཞོན་ནུའི་མཚན་ཅན། ཤར་ཆེན་ཡེ་རྒྱལ་བ། ངོར་ཆེན་ཀུན་བཟང་། མུས་ཆེན་དཀོན་རྒྱལ། རྒྱལ་ཚབ་ཀུན་དབང་། ཀུན་མཁྱེན་བསོད་ནམས་སེང་གེ དེ་གཉིས་ཀས་རྗེས་སུ་བཟུང་