[A:༢༩བ]བ་ཡོངས་འཛིན་དཀོན་མཆོག་འཕེལ། ས་ལོ་འཇམ་པའི་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཁྲིད་ཡིག་རྗེ་བཙུན་ཆེན་པོ་དང་། ཆོས་རྒྱལ་འཕགས་པས་མཛད་པ། བརྒྱུད་འདེབས་བླ་མ་རྡོ་རྗེ་འཆང་གིས་མཛད་པ་རྣམས་ཐོས་ཤིང་། དམིགས་པའི་གནད་རྣམས་མཁྱེན་རབ་རིན་ཆེན་མཆོག་གྲུབ་ཀྱི་ཁྲིད་ཡིག་ནང་བཞིན་གནང་ངོ་། ༈ །ཡང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་བསྐྱེད་རིམ་རྣལ་འབྱོར་བཅུ་གཅིག་གི་ཁྲིད་སྔོན་དུ་འགྲོ་བའི་རྫོགས་རིམ་ཟབ་མོ་རྩ་དབུ་མ་ཁ་འབྱེད་པའི་མན་ངག་ཡུམ་ལ་སྦྱར་བ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། རྡོ་རྗེ་དྲིལ་བུ་པ། ཌེཾ་ཀི་པ། ཨ་ནནྡ་ར་པ། ཏི་ལོ་པ། ནཱ་རོ་པ། ཕམ་མཐིང་པ་སྐུ་མཆེད། ཀློག་སྐྱ་ཤེས་རབ་བརྩེགས། མལ་གྱོ་ལོ་ཙཱ་བ། ས་ཆེན། བསོད་རྩེ། གྲགས་པ། ཆོས་རྗེ་ས་པཎ། འཕགས་པ། ཞང་དཀོན་མཆོག་དཔལ། གྲུབ་ཆེན་བྲག་ཕུག་པ། བློ་གྲོས་བརྟན་པ། དཔལ་ཚུལ་བ། ངོར་ཆེན་རྡོ་རྗེ་འཆང་། མུས་ཆེན་དཀོན་རྒྱལ། རྗེ་སངས་རྒྱས་རིན་ཆེན། རྗེ་དཀོན་མཆོག་ལྷུན་གྲུབ། རྗེ་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ན་མུས་ཆེན། ཀུན་མཁྱེན་བསོད་ནམས་སེང་གེ རྗེ་སངས་རྒྱས་རིན་ཆེན། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་མན་འདྲ། ཡང་ན་ངོར་ཆེན་རྡོ་རྗེ་འཆང་། པཎ་ཆེན་གྲགས་རྒྱལ། མཁན་ཆེན་ལེགས་འབྱུང་། ས་ལོ་