R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༠ན
[A:༣༠ན]འཇམ་པའི་རྡོ་རྗེ། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲ། ཡང་ན་མུས་ཆེན་སེམས་དཔའ་ཆེན་པོའི་རྗེས་སུ། ཞ་ལུ་བ་སངས་རྒྱས་དཔལ་བཟང་། མངའ་རིས་པ་དཔལ་ལྡན་རྒྱལ་པོ། རྗེ་བཟང་པོ་དཔལ་བ། པཎ་ཆེན་ནམ་མཁའ་དབང་ཕྱུག རྗེ་ཆོས་དབང་ཕྱུག རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ལའོ། །དེ་རྣམས་ཀྱི་ཉེ་བརྒྱུད་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། གྲུབ་ཆེན་ནཱ་རོ་པ་མན་གོང་བཞིན་ནོ། །ནཱ་རོ་པས་མཛད་པའི་སྒྲུབ་ཐབས་གོང་མའི་མཆན་དང་བཅས་པ། སྒྲུབ་ཐབས་རྣལ་འབྱོར་བཅུ་གཅིག་མ། ཕྱི་མཆོད་མདོར་བསྡུས། མཁའ་སྤྱོད་ཀྱི་སྒྲུབ་ཐབས། བྱིན་རླབས་ཀྱི་ཆོ་ག ཚེས་བཅུའི་མཆོད་པ། ཚོགས་འཁོར། སྦྱིན་སྲེག མར་མེའི་སྦྱིན་སྲེག པྲ་སེ་ན་དབབ་པ། གནོད་སྦྱིན་མོ་བསྒྲུབ་པའི་མན་ངག་སོགས་དང་། སྨན་ཆེན་པོའི་བཅུད་ལེན་རྣམས་རྗེ་ས་སྐྱ་པ་ཆེན་པོས་མཛད་པ། ཆོས་རྒྱལ་འཕགས་པས་མཛད་པའི་སྒྲུབ་ཐབས་གཉིས། བདག་འཇུག ཚོགས་འཁོར། སྦྱིན་སྲེག་རྣམས་དང་། སྒྲུབ་ཐབས་དང་། བསྟོད་པ་བླ་མ་རྡོ་རྗེ་འཆང་གིས་མཛད་པ། རྩ་དབུ་མའི་ཁྲིད་ཡིག་རྗེ་བཙུན་ཆེན་པོས་མཛད་པ། ཀུན་མཁྱེན་གྱིས་མཛད་པའི་མཁའ་སྤྱོད་སྒོ་འབྱེད། རྗེ་བཟང་པོ་དཔལ་བ་དང་། རྗེ་ཉིད་ཀྱིས་མཛད་པའི་བསྐྱེད་རྫོགས་ཀྱི་རྣམ་བཤད་ཀྱི་ལུང་དམིགས་པའི་ཟབ་གནད་དུ་མ་དང་བཅས་པ་ཐོས་ཤིང་། ཡང་ནཱ་རོ་མཁའ་སྤྱོད་ཀྱི་ཟབ་ཆོས་ཀྱི་ཉིང་ཁུ་མཁའ་སྤྱོད་བསྒྲུབ་པའི་ཉེ་ལམ་གྱི་གཙོ་བོ་ཐུན་མོང་མ་ཡིན་པའི་བསམ་མི་ཁྱབ་ཀྱི་མན་ངག་ཟབ་མོ་ས་སྐྱ་པའི་གསེར་ཆོས་ཀྱི་ཡང་སྙིང་དེ་ཉིད་ཐོབ་པའི་