R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༠བ
[A:༣༠བ]བརྒྱུད་པ་ནི་གོང་དང་འདྲ་བ་ལ། ༈ །ཡང་ཟབ་མོའི་ཡང་རྩེ་མཁའ་སྤྱོད་བསྒྲུབ་པའི་འཕོ་བ་ཆིག་བརྒྱུད་མ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། རས་ཆེན་དཔལ་འབྱོར་བཟང་པོ། ཞ་ལུ་བ་སངས་རྒྱས་དཔལ་བཟང་། རྗེ་དཔལ་ལྡན་རྒྱལ་པོ། ཆོས་རྗེ་བཟང་པོ་དཔལ་བ། པཎ་ཆེན་ནམ་མཁའ་དབང་ཕྱུག རྗེ་ཆོས་དབང་པ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །དེ་ཐམས་ཅད་ཀྱི་རྒྱབ་རྟེན་དུ། འཁོར་ལོ་བདེ་མཆོག་གི་རྩ་རྒྱུད་ལེའུ་ལྔ་བཅུ་རྩ་གཅིག་པ།
རྩ་རྒྱུད་མ་ལ་མཆན། རྩེ་མོས་མཆན་སྣ་བསྲིངས་པ། ཊིཀྐ་མུ་ཏིག་ཕྲེང་བའི་སྟེང་ནས་སྩལ་ཅིང་འདི་དག་དང་གོང་གི་ནག་འབུམ། རིམ་བཞི་ལམ་སློང་རྣམས་ཀྱི་མཆན་རྩེ་མོའི་འདི་ཡིན་ཞིང་། མུ་ཏིག་ཕྲེང་བའི་མི་གསལ་བ་རྣམས་ནུབ་པ་རིག་འཛིན་གྲགས་ཀྱི་ཊིཀྐ་རྗེ་བཙུན་གྱི་གསུང་བགྲོས་མ་དང་། ས་པཎ་གྱི་དངོས་སློབ་ཞང་བྱ་རུང་བའི་བདེ་མཆོག་གི་བཤད་མཚམས་གཉིས་ལས་ཁ་སྐོང་བྱེད་ལུགས་འདི་ལྟར་ཡིན་དང་། ལྷག་པར་རྩ་རྒྱུད་ནག་པོའི་སྐོར། ཞེས་གྲགས་པ་དང་མཐུན་པར་གཞུང་དྲུག་གི་བཤད་འགྲེལ་རང་དུ་སྦྱོར་ན་འདི་ལྟར་བྱེད་ཚུལ་རྣམས་ཀྱི་རྣམ་གཞག་ཞིབ་ཏུ་གསུངས་པ་ཐོས་སོ། །
པཎྜི་ཏ་སུ་མ་ཏི་ཀིརྟི་དང་། ལོ་ཙཱ་བ་མལ་གྱོ་བློ་གྲོས་གྲགས་ཀྱི་འགྱུར། རྗེ་བཙུན་ས་སྐྱ་པ་ཆེན་པོའི་ས་བཅད་དང་། ཊཱིཀྐ་མུ་ཏིག་ཕྲེང་བའི་སྟེང་ནས་དང་། དེའི་བཤད་རྒྱུད་རྣལ་འབྱོར་མ་ཀུན་སྤྱོད། མལ་འགྱུར་རྗེ་བཙུན་ཆེན་པོས་མཛད་པའི་ས་བཅད་འགྲེལ་པ་དང་བཅས་པའི་སྟེང་ནས་ལུང་བཤད་ཀྱི་བཀའ་དྲིན་མཐའ་ཆོད་པ་སྩལ་ཅིང་། དེའི་དུས་རྗེའི་གསུང་ལས། འདིའི་རྩ་རྒྱུད་ཀྱི་ལེའུས་སྐབས་སོ་སོ་ནས་བསྟན་པའི་སྔགས་བཏུའི་བྱིན་རླབས་རྣམས་ནི་ཁོ་བོས་མ་ཐོས་