R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༡བ
[A:༣༡བ]ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་ངོར་ཆེན་རྡོ་རྗེ་འཆང་། རྗེ་སེམས་དཔའ་ཆེན་པོ། ཀུན་མཁྱེན་བསོད་ནམས་སེང་གེ འདྲེན་མཆོག་དཀོན་མཆོག་འཕེལ་བ། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲ། ཡང་ན་རྗེ་སེམས་དཔའ་ཆེན་པོའི་རྗེས་སུ། ཞ་ལུ་པ་སངས་རྒྱས་དཔལ་བཟང་། རྗེ་དཔལ་ལྡན་རྒྱལ་པོ། རྗེ་བཟང་པོ་དཔལ་བ། པཎ་ཆེན་ནམ་དབང་། རྗེ་ཆོས་དབང་ཕྱུག རྗེ་འཁོར་ལོ་སྡོམ་པ་མན་འདྲ། ༈ །འཁོར་ལོ་བདེ་མཆོག་ནག་པོ་པའི་ཁྲིད་འཆད་དུས་ཀྱི་ཕྱག་ལེན་ནི། སློབ་དཔོན་དྲུང་དུ་ཟླུམ་གཏོར་གཅིག །ཆབ་བྲན་ནས་བཞག་སློབ་མ་བསྡུད། །འདུ་དུས་བླ་མས་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་དེ་ནས་དཔོན་སློབ་ཐམས་ཅད་ཀྱིས། །ཡིག་བརྒྱ་མང་བརྗོད་དེའི་རྗེས་སུ། །སྟོབས་བཞི་ཚང་བའི་བཤགས་པ་བྱ། །རྡོ་རྗེ་སེམས་དཔའ་རང་ལ་བསྟིམ། །དེ་ནས་ཕུར་བུ་གདབ་པ་དང་། །བསྲུང་འཁོར་བསྒོམ་པ་རྣམས་དེ་ནི། །བདེ་མཆོག་ནག་པོ་པའི་ལུགས་ཀྱི། །སྒྲུབ་ཐབས་ཇི་བཞིན་དཔོན་སློབ་ཀུན། །གྱིས་མཛད་དེ་རྣམས་གྲུབ་རྗེས་སུ། །ཁྲོ་བོ་འབར་བའི་ཚོགས་རྣམས་ཀྱི། །སོགས་དང་གཞན་ཡང་སྨོན་ལམ་དང་། །བཀྲ་ཤིས་ཚིགས་བཅད་འགའ་རེ་རྣམས། །དཔོན་སློབ་ཀུན་གྱིས་མཛད་རྗེས་སུ། །བླ་མས་གོང་བཤམ་གཏོར་མ་དེ། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ལ། །གཏོར་མགྲོན་འབར་བའི་ཕྱག་རྒྱ་དང་། །ཕེཾ་ཞེས་བྱ་བས་སྤྱན་དྲངས་ནས། །ལག་པ་རྡོ་རྗེ་ཐལ་མོ་ཁ། །གྱེན་དུ་ཕྱེ་ལ་གཏོར་མ་ཉིད། །སྔགས་ཀྱིས་
ཨ་ཁཾ་སོགས་ཀྱིས།
ཕུལ་ལ་ཕྱི་མཆོད་དང་། །ནང་མཆོད་བྱས་ལ་ལྷ་ཚོགས་