[A:༣༢བ]སྒྲོན་དང་། མང་མཁར་བ་བློ་གྲོས་རྒྱལ་མཚན་གྱིས་མུས་ཆེན་སེམས་དཔའ་ཆེན་པོའི་གསུང་ལ་ཟིན་བྲིས་མཛད་པ་སོགས་ཀྱི་སྟེང་ནས་ས་བཅད་དང་། བསྒོམ་པའི་དམིགས་པ་རྒྱས་བསྡུས་ཇི་ལྟར་ཡོད་པ་ཀུན་ཆ་ཚང་བ་སོ་སོར་གོ་དོན་མཐའ་ཆོད་བླ་མའི་གསུང་བགྲོས་ཀྱིས་བརྒྱན་པ་སྨིན་རྒྱས་ཉམས་ཁྲིད་དུ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། གསང་བའི་བདག་པོ། རྒྱལ་པོ་ཨིནྡྲ་བྷུ་ཏི། ཀླུའི་རྣལ་འབྱོར་མ། བི་སུ་ཀལྤ། ས་ར་ཧ། ཀླུ་སྒྲུབ། འཕགས་པ་ལྷ། ཤཱཀྱ་བཤེས་གཉེན། ཀླུའི་བྱང་ཆུབ། ཟླ་བ་གྲགས་པ། སློབ་པའི་རྡོ་རྗེ། ནག་པོ་པ། ས་འདྲེས་པ། བརྩོན་འགྲུས་བཟང་པོ། འགོས་ལོ་ཙཱ་བ། མང་ར་བ། རྡོག་ཡེ་ཤེས་སེང་གེ ཉི་མ་སེང་གེ ཉི་མ་ལྕམ། ཐང་སྤེ་བ་འཕགས་པ་སྐྱབས། གསེར་སྡིང་པ་གཞོན་ནུ་འོད། ཀུན་མཁྱེན་ཆོས་སྐུ་འོད་ཟེར། བླ་མ་འཕགས་འོད། བུ་སྟོན་ཐམས་ཅད་མཁྱེན་པ། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས་པ། གྲུབ་ཆེན་བུདྡྷ་ཤྲཱི། རྗེ་རྡོ་རྗེ་འཆང་། རྗེ་སེམས་དཔའ་ཆེན་པོ། ཀུན་མཁྱེན་བསོད་ནམས་སེང་གེ པཎ་ཆེན་ཀོང་སྟོན། ཡོངས་འཛིན་དཀོན་མཆོག་འཕེལ། རྗེ་སངས་རིན། དེ་གཉིས་ལ་བདག་ཆེན་ངག་དབང་གྲགས་པ། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། ཆོས་ཀྱི་རྗེ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་བུ་སྟོན། ཆོས་རྗེ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི་མན་སྔར་དང་འདྲ། ཡང་ན་བུ་སྟོན། ལོ་ཙཱ་བ་བྱང་ཆུབ་རྩེ་མོ། གྲུབ་ཆེན་བུདྡྷ་ཤྲཱི། རྗེ་རྡོ་རྗེ་འཆང་མན་