[A:༣༣བ]གཤིབས་པ་ལྟར་དཔག་ཏུ་མེད་པ་ཡོད་པ་ལས། འདིར་འཇད་པ་སོ་རོང་གིས་མར་སྟོན་སེང་རྒྱལ། དེས་རྔོག་ཡེ་ཤེས་སེང་གེ དེས་སྲས་པོ་ཉི་མ་སེང་གེ དེས་ཀླན་བཙད་ཚ། དེས་རྡོག་མུ་ནའི་སྲས་པོ་ཨརྻ་དེ་ཝ། དེ་ལ་ལྟག་པ་རིན་ཆེན་གྲགས་དང་། གཙང་སྨྲ་སེང་། མི་ཉག་རྡོ་རྗེ་གྲགས་རྣམས་ཀྱིས་གསན། ཡང་རྡོག་ཉི་མ་སེང་གེ་ལ། གཞུའི་ཕུག་ཀ་བ། ཕུག་སྟོན་ཤེས་རབ་གྲགས་ཀྱིས་གསན། དེ་ལའང་མི་ཉག་རྡོ་རྗེ་གྲགས་ཀྱིས་གསན། ཡང་ཀླན་བཙད་ཚ་ཉི་མ་ལྕམ་ལ། རྒྱ་མཁར་ཐང་སྤེ་བའི་མཁན་པོ་འཕགས་པ་སྐྱབས་ཀྱིས་གསན། དེ་ལ་གསེར་སྡིང་པ་གཞོན་ནུ་འོད་ཀྱིས་གསན། དེ་ལ་སྐྱི་མཁར་འཇུག་བྲེ་ཁའི་ལྟག་པ་རིན་ཆེན་གྲགས་ཀྱིས་གསན། དེ་ལ་བླ་མ་ཆོས་སྐུ་བས་གསན། ཡང་རོང་ལྷ་སྡེང་གི་གཙང་སྨྲ་སེང་དང་། ཆ་དཀར་མོན་མོ་བྲག་གི་མི་ཉག་རྡོ་རྗེ་གྲགས་གཉིས་ལ་ལྕེ་སྟོན་མདོ་སྡེ་སེང་གེས་གསན། དེ་ལ་བླ་མ་ཆོས་སྐུ་བ། བླ་མ་འཕགས་འོད། ཀུན་མཁྱེན་བུ་སྟོན་རིན་ཆེན་གྲུབ། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། འཁོར་ལོ་སྡོམ་པ་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་བསོད་ནམས་སེང་གེ དེ་ལ་པཎ་ཆེན་ཉི་ཟླ་སེང་གེ ཀོང་སྟོན་དབང་ཕྱུག་གྲུབ་པ། ཡོངས་འཛིན་དཀོན་མཆོག་འཕེལ་བ། འཇམ་དབྱངས་སངས་རྒྱས་རིན་ཆེན་དང་བཞི་ལས། རྗེ་སངས་རིན་པའི་དྲུང་དུ་འཇམ་དབྱངས་དཀོན་མཆོག་རྒྱ་མཚོས་གསན། དེ་ལས་བདག་ཅག་གི་ཡོངས་འཛིན་དམ་པ་བུདྡྷའི་མཚན་ཅན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །