[A:༣༤ན]འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་མདོར་བྱས་ལོ་ཆེན་གྱི་འགྱུར། དེ་ཉིད་རྩ་རྒྱུད་ཀྱི་ལུགས་དང་སྦྱར་བ་མདོ་དང་བསྲེ་བ་ལོ་ཆེན་གྱི་འགྱུར། མདོར་བྱས་ཀྱི་སྐབས་སྐབས་སུ་མི་གསལ་བ་གསལ་བྱེད་ཀྱི་ཁ་སྐོང་ཀླུ་བྱང་གིས་མཛད་པའི་རྣམ་གཞག་རིམ་པ་ལོ་ཆེན་གྱི་འགྱུར། ཀླུ་སྒྲུབ་ཀྱིས་མཛད་པའི་དཀྱིལ་ཆོག་དང་། རྒྱུད་མ་སྨིན་པ་སྨིན་པར་བྱེད་པའི་རྒྱུ་དབང་རྡུལ་ཚོན་དུ་བསྐུར་ཚུལ་ཀླུ་བྱང་གིས་མཛད་པའི་ཆོ་ག་ཉི་ཤུ་པ། པ་ཚབ་ཉི་མ་གྲགས་ཀྱི་འགྱུར། རྫོགས་རིམ་འཕགས་པས་མཛད་པའི་རིམ་ལྔ་ལོ་ཆེན་གྱི་འགྱུར། འདིའི་རིམ་པ་གཉིས་པའི། འཁོར་བའི་གཟེབ་ལས་རྣམ་གྲོལ། ཞེས་པ་ཡན་ཆད་ཀྱི་སེམས་དབེན་བསྒོམ་པའི་འབྲས་བུ་བསྟན་པ་ཡར་བཅད་འཕགས་པའི་གསུང་ཡིན་ལ། དེ་ལས་འཕྲོས་པའི་གསུང་བགྲོས་མང་པོ་བྱུང་མ་བྱུང་བ་ཤཱཀྱ་བཤེས་གཉེན་གྱིས་ཆད་དོགས་ནས་འཕགས་པའི་གསུང་རབ་ལ་མཐུད་ནས་བྲིས་པ་ནི། ཤེས་རབ་ངོ་བོ་འདི་ཉིད་ནི། ཞེས་པ་མན་ཆད་དོ། །དེ་རྣམས་ཀྱི་རིམ་པ་ལྔ་རྒྱས་པར་བསྟན་པའི་དོན་བསྡོམས་པས་ཉམས་མྱོང་སྐྱེ་བ། ངོ་སྤྲོད་པ་ཨརྻ་དེ་བས་མཛད་པའི་སྤྱོད་བསྡུས་སྒྲོན་མེ་ལོ་ཆེན་གྱི་འགྱུར་ལས་འགོས་ཀྱིས་བཅོས་པ། པཎྜི་ཏ་མངོན་ཤེས་ཅན་གྱི་གདམས་པ། པཎྜི་ཏ་བཙུན་མོ་ཅན་གྱི་གདམས་པ། ནག་པོ་དམ་ཚིག་གི་རྡོ་རྗེའི་གདམས་པ་སྟེ་འགོས་ཀྱི་ཤོག་རིལ་གསུམ་དུ་གྲགས་པ། མངོན་ཤེས་ཅན་གྱི་བསྐྱེད་རིམ་གྱི་ཁྲིད། ཉི་མ་ལྕམ་གྱི་ཟིན་བྲིས། གསེར་ལྡིང་པས་མཛད་པའི་སྐོར་ལ། རིམ་ལྔ་དོན་བཞི་མ། རིམ་ལྔ་དོན་ལྔ་མ། དམར་ཁྲིད་འཁོར་ལོ་ཅན། ཅིག་ཆར་བའི་མན་ངག་འཁོར་ལོ་མེད་པ་