R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༠ན
[A:༤༠ན]ཟེར།
ལྷ་སྡིང་པ་བྱང་ཆུབ་འབུམ། ལྷ་སྡིང་དབོན་པོ། ཡོན་ཏན་དཔལ། བདེ་བ་དཔལ། ཀ་བཞི་པ་གྲགས་པ་གཞོན་ནུ། རིན་པོ་ཆེ་བསོད་ནམས་གྲགས་པ། རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ། འགྲོ་མགོན་ཚུལ་ཁྲིམས་དཔལ། མཁན་ཆེན་གཞོན་ནུ་རྒྱལ་མཆོག མུས་ཆེན་སེམས་དཔའ་ཆེན་པོ། ཀུན་མཁྱེན་བསོད་ནམས་སེང་གེ རྗེ་བཙུན་སངས་རྒྱས་རིན་ཆེན། པཎ་ཆེན་ནམ་མཁའ་དབང་ཕྱུག ཆོས་ཀྱི་རྗེ་དཔལ་འབྱོར་རིན་ཆེན། ཇོ་བོ་ཆེན་པོ་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་ཐུབ་དབང་། བྱམས་པ། ཐོགས་མེད། དབྱིག་གཉེན། བློ་བརྟན། ཀུ་ས་ལི་ཆེ་ཆུང་། གསེར་གླིང་པ། མར་མེ་མཛད། དཔལ་འབྲོམ་སྟོན། གླང་ཐང་པ། པུ་ཏོ་བ། ཤ་ར་བ། འཆད་ཀ་བ། སེ་སྟོན་སྤྱིལ་བུ། ལྷ་སྟོན་སྤྱིལ་བུ་བ་མན་ཆད་གོང་དང་འདྲ། ཡང་ན་སངས་རྒྱས་བསྒོམ་པ། སེང་གེ་སྐྱབས། བྱམས་གླིང་པ། མཁས་བཙུན་གཞོན་ནུ་གྲུབ། ཀུན་དགའ་ཚུལ་ཁྲིམས། གངས་པ་གྲགས་པ་དཔལ། ས་བཟང་མ་ཏི་པཎ་ཆེན། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། རྗེ་ཀུན་དགའ་བཟང་པོ། རྗེ་སེམས་དཔའ་ཆེན་པོ་མན་སྔར་དང་འདྲ ། ཡང་ན་རྒྱལ་སྲས་ཐོགས་མེད་པ། ལོ་ཙཱ་བ་བྱང་ཆུབ་རྩེ་མོ། དེ་གཉིས་ཀ་ལ་ལོ་ཙཱ་བ་སྐྱབས་མཆོག་བཟང་པོ། དེ་ནས་ངོར་ཆེན་ཐམས་ཅད་མཁྱེན་པ་མན་ཆད་སྔར་དང་འདྲ། རྒྱལ་སྲས་ཆོས་རྗེ་པའི་ཁྲིད་ཡིག འགྲོ་མགོན་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པའི་ཟིན་བྲིས། དེའི་སྔོན་འགྲོ་དང་དངོས་གཞིའི་ཁ་སྐོང་མུས་ཆེན་སེམས་དཔའ་