R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༠བ
[A:༤༠བ]ཆེན་པོས་མཛད་པ་དང་བཅས་པ་ཐོས་སོ། ༈ །རྟེན་འབྲེལ་སྙིང་པོའི་ཁྲིད་ཀྱི་བརྒྱུད་པ་ནི། ཐུབ་པ་ཆེན་པོ། སྤྱན་རས་གཟིགས། བྱམས་པ་མགོན་པོ། གསེར་གླིང་པ་ཆོས་ཀྱི་གྲགས་པ། ཨ་ཏི་ཤ འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། པུ་ཏོ་བ་རིན་ཆེན་གསལ། རྒྱ་སྟོན་ལྕགས་རི་བ། རྣལ་འབྱོར་བ་ཆོས་ཀྱི་གཡུང་དྲུང་། སྙི་ཕུ་བ་སྒྱེར་སྒོམ་ཞིག་པོ། རྒྱ་སྒོམ་རི་བ། བོ་དོང་རིན་པོ་ཆེ། ཉན་ཆེན་པ་བསོད་ནམས་བརྟན་པ། རིན་པོ་ཆེ་ཤེས་རབ་འབུམ་པ། རྒྱལ་སྲས་ཐོགས་མེད། མུས་ཆེན་ནམ་མཁའི་རྣལ་འབྱོར། སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། རྗེ་སངས་རྒྱས་རིན་ཆེན། པཎ་ཆེན་ནམ་མཁའ་དབང་ཕྱུག་མན་བློ་སྦྱོང་དོན་བདུན་དང་འདྲ། ཡང་ན་ཉན་ཆེན་བསོད་ནམས་བརྟན་པ། མུས་ཆེན་རྒྱལ་མཚན། མུས་པ་རྡོ་རྗེ་གཞོན་ནུ། མུས་ཆེན་ནམ་མཁའི་རྣལ་འབྱོར། རྗེ་སེམས་དཔའ་ཆེན་པོ་མན་སྔར་དང་འདྲ། ཡང་ན་ཉན་ཆེན་པ།
མུས་པ
ཤེར་བུམ་པ།
མུས་པ
ལོ་ཙཱ་བ་ཉི་མ་རིན་ཆེན། ནམ་མཁའི་རྣལ་འབྱོར་མན་འདྲ། ཡང་ན་ཉན་ཆེན་པ། མཁན་ཆེན་བྱང་ཆུབ་སེམས་དཔའ།
མུས་པ
འབྲོ་བསྒོམ་ནམ་མཁའ་དཔལ། ནམ་མཁའི་རྣལ་འབྱོར་མན་འདྲ་བ་ལས། ཁྲིད་ཡིག་ཆེན་མོ་མུས་ཆེན་རྒྱལ་མཚན་དཔལ་བཟང་གིས་མཛད་པ་ཡང་ཐོས་སོ། ༈ །སྐྱིད་སྡུག་ལམ་ཁྱེར་གྱི་ཁྲིད་ཐོབ་པའི་བརྒྱུད་པ་ནི། པཎ་ཆེན་ཤཱཀྱ་ཤྲཱི། ལོ་ཆེན་བྱམས་པའི་དཔལ། མཁན་ཆེན་བྱང་ཆུབ་དཔལ།
ལྷོ་བྲག་པ
མཁན་ཆེན་བདེ་བ་དཔལ། མཁན་ཆེན་གྲགས་པ་བཤེས་གཉེན། ཆོས་ལུང་པ་བསོད་ནམས་རིན་ཆེན། ཆོས་རྗེ་གཞོན་ནུ་རྒྱལ་མཆོག མུས་ཆེན་སེམས་དཔའ་ཆེན་