[A:༤༡ན]པོ། རྗེ་བཙུན་སངས་རྒྱས་རིན་ཆེན། པཎ་ཆེན་ནམ་མཁའ་དབང་ཕྱུག་མན་རྟེན་འབྲེལ་སྙིང་པོ་དང་འདྲ་ལ། ཡང་ན་མཁན་ཆེན་བདེ་བ་དཔལ། མཁན་ཆེན་ཀ་བཞི་པ་གྲགས་པ་གཞོན་ནུ། རིན་པོ་ཆེ་བསོད་ནམས་གྲགས་པ། རྒྱལ་སྲས་ཐོགས་མེད་པ། བྱང་སེམས་ཚུལ་ཁྲིམས་དཔལ། རྗེ་གཞོན་ནུ་རྒྱལ་མཆོག་མན་འདྲ། ཁྲིད་ཡིག་རྒྱལ་སྲས་ཐོགས་མེད་པས་མཛད་པ་དང་བཅས་པ་ཐོས་སོ། ༈ །ཡང་ཐེག་པ་ཆེན་པོ་བློ་སྦྱོང་གི་མན་ངག་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའི་པོད་ཆུང་གི་ལུང་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། ཇོ་བོ་རྗེས་རྒྱལ་སྲིད་སྤངས་ཏེ་ཐར་པ་བསྒྲུབས་པའི་རྣམ་ཐར། ཇོ་བོ་དང་གསེར་གླིང་པ་མཇལ་བའི་ལོ་རྒྱུས། བློ་སྦྱོང་དོན་བདུན་མའི་གཞུང་མཆན་ཡོད་མེད་གཉིས། དེའི་འགྲེལ་པ་མཚོན་ཆ་འཁོར་ལོ་རྨ་བྱ་དུག་འཇོམས། གྱེར་བསྒོམ་རྡོ་རྗེ་གླུ། བྱམས་པའི་རྣལ་འབྱོར་པའི་བློ་སྦྱོང་། བློ་སྦྱོང་སེམས་དཔའི་རིམ་པ། རང་རྒྱུད་ངན་པ་དམའ་དབབ་པ། ཟས་དགེ་བའི་སྟོབས་བསྐྱེད་པ། གསེར་གླིང་པས་ཇོ་བོ་ལ་མཐའ་འཁོབ་འདུལ་བའི་ཆེད་དུ་གནང་བ། ཉོན་མོངས་ལམ་དུ་བླངས་པའི་མན་ངག བླ་མའི་རྣལ་འབྱོར། སྡིག་སྦྱོང་། ཐེག་ཆེན་འཁོན་སྦྱོང་། རྣལ་འབྱོར་མ་གཉིས་ཀྱིས་ཇོ་བོ་ལ་གནང་བའི་བློ་སྦྱོང་། ཀུ་ས་ལིའི་ཚོགས་བསོག སྐྱིད་སྡུག་ལམ་ཁྱེར། སུམ་པ་ལོ་ཙཱ་བའི་སྙན་བརྒྱུད། ཀུན་ཏུ་བཟང་པོའི་བློ་སྦྱོང་། བློ་སྦྱོང་ཐུན་བརྒྱད་མ་ལ། ཟས་ལ་བརྟེན་པ། དབུགས་ལ་བརྟེན་པ། རིགས་དྲུག་གི་སྡུག་བསྔལ་དང་དུ་བླང་བ། ཤ་ཁྲག་ལ་བརྟེན་པ། གཏོར་མ་ལ་བརྟེན་པ། འབྱུང་བ་ལ་བརྟེན་པ། ལུས་ཡིད་