[A:༤༦ན]བོ་བྱ་རྐང་དུ་འཕགས་པ་ཐོགས་མེད། ན་ལེནྟྲ་རུ་པཎ་ཆེན་དབྱིག་གཉེན། རྒྱ་གར་འཇག་སྤྱིལ་དུ་ཨརྻ་དེ་ཝ། མོ་བརྒྱུད་ནི། འོག་མིན་དུ་ཡུམ་ཆེན་མོ། གཡུ་ལོ་བཀོད་པར་རྗེ་བཙུན་སྒྲོལ་མ། རྒྱ་གར་དུར་ཁྲོད་དུ་སུ་ཀ་སིདྡྷི། གསུམ་ཀ་འདུས་པ་དོན་གྱི་བརྒྱུད་པ་ནི། དིང་རི་གླང་སྐོར་དུ་དམ་པ་སངས་རྒྱས། ར་ས་ཆུ་བཟང་དུ་ཡེ་ཤེས་བླ་མ། ར་ས་སྤངས་ལུང་དུ་བསོད་ནམས་བླ་མ། ཟངས་རི་མཁར་དམར་དུ་བྱང་ཆུབ་ལབ་སྒྲོན། ཨེ་ཆུང་གླང་ལུང་དུ་ཁུ་སྒོམ་ཆོས་སེང་། ལུང་སྨད་ལྕང་ཚལ་དུ་དབུས་པ་ཟངས་ཐལ། གཡོར་སྟོད་ཆུ་རིར་རྒྱ་ནག་གཅེར་བུ། བཀྲ་ཤིས་མཐོང་སྨོན་དུ་རྒྱ་སྒོམ་རི་པ། རབ་གྲོང་སེ་གླིང་དུ་སངས་རྒྱས་རབ་སྟོན། དཔལ་འཁོར་ལྷ་ལྡིང་དུ་དོ་པ་ཆོས་ཤེས། ཐར་གླིང་མཛེས་མཚམས་སུ་ལྷ་སྟོན་ཞིག་པོ། སླས་པ་རྫ་འབུར་དུ་ཞིག་པོ་ཐོག་སྡུགས། ཉན་པོ་དགོན་པར་བསོད་ནམས་བརྟན་པ། མཐའ་གོང་རི་ཁྲོད་དུ་རྒྱལ་བ་མུས་ཆེན། རྫ་མོ་དགོན་པར་རྡོ་རྗེ་བསོད་ནམས། རྫིང་ལུང་བྲག་རྩར་འགྲོ་བསྒོམ་ནམ་མཁའ། སེང་གེ་སྒང་དུ་ནམ་མཁའི་རྣལ་འབྱོར། བསམ་གཏན་ཕུག་ཏུ་དཀོན་མཆོག་རྒྱལ་མཚན། སླེ་ལུང་ཆོས་སྡེར་དཀོན་མཆོག་བློ་གྲོས། བདེ་བ་ཅན་དུ་སངས་རྒྱས་རིན་ཆེན། གླིང་དགའ་ཐར་རྩེར་ནམ་མཁའ་སངས་རྒྱས། ཞེ་དགོན་གནས་སུ་དྷརྨཱ་དྷྭ་ཛ། བསམ་གཏན་ཕུག་ཏུ་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །མུས་ཆེན་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པའི་ཁྲིད་ཡིག་ཆེ་ཆུང་གཉིས། སེམས་དཔའ་ཆེན་པོའི་དངོས་སློབ་དོལ་པ་ལེགས་རྒྱལ་གྱིས་