[A:༤༦བ]མཛད་པའི་ཁྲིད་ཡིག་ཆེན་མོ། འཇམ་དབྱངས་སངས་རིན་དང་། རྗེ་ཉིད་ཀྱི་དབོན་ལྷ་དབང་རྒྱལ་མཚན་གྱི་དོན་དུ་མཛད་པའི་ཁྲིད་ཡིག་ཉུང་ངུ་རྣམས་ཀྱི་ལུང་དང་། གཅོད་ཀྱི་པོ་ཏིའི་ལུང་ཐོས་པའི་ཆོས་ཀྱི་རྣམ་གྲངས་ལ། བཀའ་བརྒྱུད་ཀྱི་ལོ་རྒྱུས། ངོ་སྤྲོད་ལྟ་བའི་སྐོར་ཉམས་ལེན་སྤྱོད་པའི་སྐོར། གེགས་སེལ་བོགས་འདོན་གྱི་སྐོར་འདི་གསུམ་དོ་པས་མཛད་པ། ཐབས་ཤེས་ཀྱི་བོགས་འདོན་བསྡུས་པ། ལམ་རིམ་པ་བཅུ་གསུམ་པ། ཨ་དང་ཕཊ྄་ཀྱི་གདམས་ངག ཨརྻ་དེ་ཝའི་ཚིགས་བཅད་ཆེ་ཆུང་གཉིས། ཚིགས་བཅད་ཆེན་མོའི་འགྲེལ་པ་དོ་པས་མཛད་པ། ཕོ་བརྒྱུད་བརྡའི་བརྒྱུད་པ། སྨ་ར་སེར་པོའི་བཀའ་བརྒྱུད་དམ། བདུད་རང་གྲོལ་གྱི་གདམས་པ། ཞལ་གདམས་བཅུ་བཞི་པ། རྗེ་བཙུན་གཉན་གྱི་བཀའ་བརྒྱུད། གཅོད་ཀྱི་དོན་ཆིངས་བརྒྱད་པ། གནད་ཐེམ་བདུན་གྱི་གདམས་པ། མོ་བརྒྱུད་བྱིན་རླབས་ཀྱི་བརྒྱུད་པ་སྙིང་པོ་དོན་གྱི་བརྒྱུད་པའམ། རྒྱ་ནག་གཅེར་བུའི་བཀའ་བརྒྱུད། གྲྭ་པ་ཧག་གི་བཀའ་བརྒྱུད། གང་ཟག་དབང་པོ་རབ་ལ་མཚན་བསྟན་པ། འབྲིང་དོན་ལ་བརྟེན་ནས་མདོར་བསྟན་པ། བཀའ་ཚོམས་ཀྱི་བསྡུས་དོན། བཀའ་ཚོམས་ཀྱི་གཞུང་། བཀའ་ཚོམས་ཀྱི་འགྲེལ་པ་དོ་པས་མཛད་པ། ལེ་ལག་བརྒྱད་པ་གསང་བ་བརྡ་ཆོས་ལ་ལ་ཟླ་བའི་མན་ངག གདམས་པ་ཉི་ཤུ་པ། གནད་ཐེམ་བཞི་པའི་མན་ངག མའི་གདམས་ངག་རྩལ་སྦྱོང་ཉི་ཤུ་པ། བཀའ་ཚོམས་ཀྱི་ཞུས་ལན་སུམ་ཅུ་རྩ་ལྔ་པ། གཞི་ལས་ཙམ་པའི་མ་སྨད་ཀྱི་ཞུས་ལན། ཞུས་ལན་གནད་འགག་བཅུ་གཅིག་པ། ཤེས་རབ་སྦྲང་རྩིས་སྙིང་པོ་དོན་གྱི་མན་ངག་ལམ་འཁྱོག་མེད་ཅེས་བྱ་