[A:༤༧ན]བ། བདུད་རྩིའི་ཐིགས་པ། མཁའ་འགྲོ་མའི་ཆོས་སྐུ་ཅིག་ཅར་ངོ་སྤྲོད་ལྕེ་སྒོམ་གྱིས་མཛད་པ། རྗེ་གླང་ལུང་པའི་ཉམས་ཆོས་གསལ་བྱེད་རིན་ཆེན་ཕྲེང་བ། བཀའ་ཤེར་ཕྱིན་གྱི་གདམས་ངག་སྙན་བརྒྱུད་གོང་ཁུག་མ། བདུད་ཀྱི་གཅོད་ཡུལ་ལག་ལེན་གྱི་གདམས་པའམ། དམ་པ་རྡོ་ཟན་གྱི་གཅོད་ལུགས། མཁའ་འགྲོ་མ་ནང་རིག་པའི་འཁྲུལ་གཅོད་དམ། ནམ་མཁའ་སྒོ་འབྱེད་ཅེས་བྱ་བ་རྣམས་ཐོས་སོ། །ཡིག་ཆ་དེ་རྣམས་ཀྱི་བརྒྱུད་པ་ལུགས་གཅིག་ནི། རྗེ་བཙུན་སངས་རྒྱས་རྒྱལ་མཚན། བིཀྵུ་ཀུ་ས་ལི་པ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་རྗེ་བཙུན་བསླུ་བ་མེད་པ་དེ་ཉིད་ཀྱི་དྲུང་དུ། ཟབ་དོན་ནཻ་གུ་ཆོས་དྲུག་གི་ཆོས་སྐོར་ཐོབ་པ་ལ། ཐོག་མར་ནཻ་གུ་མ་ནས་བརྒྱུད་པ་རིན་ཆེན་སྣ་བདུན་གྱི་རྣམ་ཐར། འཇག་ཆེན་བྱམས་པ་དཔལ་གྱི་རྣམ་ཐར། ཆོས་དྲུག་རྡོ་རྗེའི་ཚིག་རྐང་། ཚིག་གསལ། ཐེམ་ཡིག ཁྲིད་ཡིག མཁས་བཙུན་རྒྱལ་མཚན་འབུམ་གྱིས་མཛད་པ། སྒྱུ་མ་རབ་ཏུ་གསལ་བྱེད་རིན་ཆེད་འོད་ཕྲེང་རྨོག་ཅོག་པས་མཛད་པ། ཉམས་མྱོང་ཡོན་ཏན་རྒྱ་མཚོ། ཞུས་ལན་རིན་ཆེན་སྒྲོན་མེ། ཉམས་མྱོང་ཉི་མའི་དཀྱིལ་འཁོར། ཞུས་ལན་ཟླ་བའི་དཀྱིལ་འཁོར། གཞན་དོན་བསྒྲུབ་པའི་རྟེན་འབྲེལ། སྒྱུ་ལུས་དྲུག་ལྡན་ཁྱུང་པོས་མཛད་པ། སྒྱུ་ལུས་ཀྱི་ལུང་དང་གཏམ་རྒྱུད། ཤང་སྟོན་པའི་གསུང་བགྲོས། ལམ་དྲི་མེད་འོད་ཕྲེང་སངས་རྒྱས་སྟོན་པས་མཛད་པ། སྒྱུ་ལུས་རྨི་ལམ་འབྱམས་གཅོད། ཁྲིད་ཀྱི་སྐབས་སུ་ཉེ་བར་མཁོ་བའི་གསུང་འགྲོས་དྲུག་རྒྱལ་མཚན་འབུམ་གྱིས་མཛད་པ། སྙན་ཁུང་