R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༧བ
[A:༤༧བ]གི་གདམས་དྲུག་ཁྱུང་པོས་མཛད་པ། ཁྱུང་པོའི་གནད་དྲུག་ལ་སོགས་རྒྱུན་གྱི་ཉམས་ལེན། ཁྱད་འཕགས་འཕོ་བ་རྣམ་དྲུག་འདི་སངས་རྒྱས་སྟོན་པའི་གསུང་བགྲོས། སྦྱང་བ་རྣམ་པ་གཉིས། སྒྱུ་ལུས་ཀྱི་སྦྱང་བ་རྣམ་པ་གསུམ་ཁྱུང་པོས་མཛད་པ། སྒྱུ་ལུས་གདན་ཐོག་གཅིག་མ། སྒྱུ་ལུས་འཛིན་པ་རང་གྲོལ། དུག་གསུམ་དག་བྱེད་བདུད་རྩི་བུམ་པ། ཕྱག་ཆེན་གའུ་མའི་རྩ་ཚིག་རྡོ་རྗེའི་ཚིག་རྐང་། བསྡུས་དོན་རླུང་དང་བསྲེ་བ། ཕྱག་ཆེན་ཚད་འཛིན། གའུ་མའི་དབང་ཆོག ལྡིང་སྟོན་གྱི་ཟིན་བྲིས་འདི་གཉིས་ཅུང་ཟད་མ་གཏོགས་འདྲ། འཆི་མེད་བསྒྲུབ་པའི་རྒྱས་འགྲེལ། འཆི་མེད་བསྒྲུབ་པའི་རྩ་བ། ལམ་ཁྱེར་རྣམ་གསུམ། རང་སེམས་འཆི་མེད་རང་གྲོལ། ལམ་ཁྱེར་རྣམ་གསུམ་གྱི་སྒྱུ་མ་ལམ་གྱི་དབང་བཀའ། འཆི་མེད་རང་གྲོལ་སངས་རྒྱས་སྟོན་པས་མཛད་པ། ལམ་ཁྱེར་གསུམ་གྱི་གཞུང་། འཆི་མེད་ཚིག་རྐང་། དེ་ལ་བརྟེན་པའི་བླ་མ་རྨོག་ལྕོག་པ། སྐྱེར་སྒང་པ། སངས་རྒྱས་སྟོན་པ། སངས་རྒྱས་གཉན་སྟོན་རྣམས་ཀྱི་གསུང་བགྲོས་རེ་རེ། མཁས་བཙུན་རྒྱལ་མཚན་འབུམ་གྱི་ཁྲིད་ཡིག ཌཱ་ཀིའི་ཞལ་གདམས། རང་གྲོལ་གསུམ་གྱི་ཁྲིད། ཆོས་དྲུག་དགའ་སྟོན་བློ་གྲོས་བཟང་པོས་མཛད་པ། འོད་གསལ་འཆར་སྒོ་ངོས་འཛིན། གཏུམ་པོ་ཞག་བདུན་མའི་ཞལ་གདམས། སངས་རྒྱས་སྟོན་པའི་གཅོད་གདན་ཐོག་གཅིག་མ། དེའི་གེགས་སེལ། ནཻ་གུའི་ཆོས་སྐོར་ལ་དབང་བསྐུར་སྔོན་འགྲོའི་ཆོ་ག་བརྩོན་འགྲུས་སེང་གེས་མཛད་པ། དབང་ཆོག་དང་པོ་གཏུམ་མོའི་དབང་ཆོག གཉིས་པ་སྒྱུ་ལུས། གསུམ་པ་རྨི་ལམ། བཞི་པ་འོད་གསལ། ལྔ་པ་འཕོ་བ། དྲུག་པ་