R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༦ན
[A:༤༦ན]བར་དོའི་དབང་ཆོག་རྣམས་ཁྱུང་པོའི་ལུགས། ལམ་ཁྱེར་གསུམ་གྱི་ཆོས། ལམ་ཁྱེར་གསུམ་གྱི་བཀའ། ལུས་འཆི་མེད་ཀྱི་དབང་བཀའ། སེམས་འཆུག་མེད་ཀྱི་དབང་བཀའ་ཁྱུང་པོས་མཛད་པ། ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ། སྐུ་གསུམ་ལམ་ཁྱེར། དག་པ་ཐིག་ལེའི་འཕོ་བ། ར་ཧུ་ལའི་གདམས་པ། མཁའ་སྤྱོད་དཀར་མོའི་དབང་ར་ཧུ་ལའི་ལུགས། འཕོ་བ་ཡེ་ཤེས་སྐར་ཁུང་མ་རྒྱས་བསྡུས་གཉིས། སངས་རྒྱས་གཉན་སྟོན་གྱིས་མཛད་པའི་བྱིན་རླབས་ཆར་འབེབས། སྒྱུ་ལུས་རྨི་ལམ་གྱི་དབང་བཀའ་ཁྱུང་པོས་མཛད་པ། ནཻ་གུ་མའི་ཞལ་གདམས་མུ་ཏིག་གི་ཕྲེང་བ་སོགས་ཞལ་གདམས་བཅུ། རི་བོང་དབབ་བཟུང་བཟློག་པའི་དམིགས་པ་རིན་ཆེན་སྒྲོམ་བུ། གསང་སྔགས་རྗེས་སུ་ཡིད་རང་གི་ཁྲིད། རྗེས་སུ་ཡིད་རང་གི་དབང་། དུག་ལྔ་ལམ་ཁྱེར། རྟོག་མི་རྟོག མཁའ་སྤྱོད་དཀར་མོའི་བསྟོད་པ། མཁའ་སྤྱོད་གསུམ། ཕྱག་དྲུག་པའི་ལས་ཚོགས་ཚང་མ། བདག་མེད་མའི་ཁྲིད། སུ་ཁ་ཆོས་དྲུག་གི་ཁྲིད། རྡོ་རྗེ་ཕག་མོའི་གསང་སྒྲུབ་སོགས་ཚན་པ་བརྒྱད། བདེ་མཆོག་ལྷ་ལྔའི་མངོན་རྟོགས་ཁྱུང་པོའི་ལུགས། སྒྱུ་ལུས་སྟན་ཐོག་གཅིག་མ་མཁས་བཙུན་པས་མཛད་པ་སོགས་མདོར་ན་རྗེ་སྤྱན་སྔ་རིན་ཆེན་ལ་འཇམ་དབྱངས་དཀོན་མཆོག་རྒྱ་མཚོས་ཇི་ལྟར་གསན་པ་བཞིན། རྗེ་ཉིད་ལ་བུམ་པ་གང་བྱོའི་ཚུལ་དུ་བཞུགས་པ་རྣམས་བདག་ལ་དགྱེས་བཞིན་དུ་ལུང་ཁྲིད་ཀྱི་ཚུལ་དུ་གནང་བ་ལགས། དེ་དུས་སྒྱུ་ལུས་དབང་མོ་ཆེ་སོགས་དབང་དང་བྱིན་རླབས་ཀྱི་བཀའ་སོ་སོ་རྣམས་མ་གནང་བར། རྗེའི་གསུང་གིས། ནཻ་གུའི་ཁྲིད་རྒྱས་པ་