R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༨བ
[A:༤༨བ]འཆད་ན་སྔར་སྨིན་བཀའ་ཐོབ་ཟིན་ལ། སྒྱུ་ལུས་དབང་མོ་ཆེ་སྔོན་མ་བཏང་ནས། དེ་ནས་ཆོས་དྲུག་སོ་སོ་རྣམས་སོ་སོའི་དགོས་བཀའ་སྔོན་ལ་བཏང་ནས་ཁྲིད་རྣམས་འཆད་པ་ཡིན། འབྲིང་དུ་འཆད་ན་དབང་གི་སྨིན་ཟིན་ལ། སྒྱུ་ལུས་དབང་མོ་ཆེ་ཙམ་སྔོན་དུ་བཏང་ནས། དེ་ནས་ཆོས་དྲུག་གི་ཁྲིད་རྣམས་སྒོས་བཀའ་སོ་སོ་བཞག་ནས་འཆད། བསྡུས་པར་འཆད་ན་རབ་བདེ་མཆོག་དང་། དེ་མ་བྱུང་ཡང་ཀྱཻ་རྡོར་གསང་འདུས་སོགས་་་་་་བདེ་ཀྱེ་གསང་གསུམ། མཧཱ་མ་ཡ། འཇིགས་བྱེད་དེ། རྒྱུད་སྡེ་ལྔ། གང་རུང་གི་དབང་ཐོབ་པའི་སློབ་མ་ལ་ཆོས་དྲུག་ཁྲིད་རྐྱང་དུ་འཆད་པ་ཡིན་ནོ་གསུངས་ཤིང་། ཁྱེད་རང་ཆོས་ཐོབ་ཆེ་བ་ཞིག་ཐུགས་འདུན་ལ་འདུག་པས། སླར། ནཻ་གུའི་ཆོས་སྐོར་ཡོངས་སུ་རྫོགས་པ་ཞིག་མཛད་ན། དབང་བྱིན་རླབས། ཁྲིད་བཀའ་དཔེ་ལུང་སོགས་ཆ་ཚང་བ་ཞིག་རྗེ་འགྱུར་མེད་སོགས་ཤང་ཆོས་བཞུགས་ཆེ་བ་ཞིག་ལ་གསན་པ་ཞུ་ཞེས་སོགས་ཀྱི་བཀའ་སྩལ་དང་བཅས་ལེགས་པར་ཐོབ་པའི་གོང་དུ་བཀོད་པའི་ཆོས་སྐོར་དེ་རྣམས་ཀྱི་བརྒྱུད་པ་ནི། སངས་རྒྱས་རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ་ནཻ་གུ་མ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས། དབོན་སྟོན་སྐྱེར་སྒང་པ། གཉན་སྟོན་སྦས་པའི་རྣལ་འབྱོར། འགྲོ་མགོན་སངས་རྒྱས་སྟོན་པ། མཁས་གྲུབ་གཙང་མ་ཤངས་སྟོན། མཁས་བཙུན་རྒྱལ་མཚན་འབུམ་པ། འཇག་ཆེན་བྱམས་པ་དཔལ་བཟང་། འཇམ་དབྱངས་བློ་གྲོས་དཔལ་བཟང་། འཇག་ཆེན་ཀུན་དགའ་དཔལ་བཟང་། དྲིན་ཅན་བསོད་ནམས་བཟང་པོ། རྗེ་བྱམས་པ་ཆོས་ཀྱི་ཉི་མ། སྤྱན་སྔ་ངག་དབང་ཆོས་ཀྱི་གྲགས་པ། འཇམ་