R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༩ན
[A:༤༩ན]དབྱངས་དཀོན་མཆོག་རྒྱ་མཚོ། ཁྱུང་པོ་རྣལ་འབྱོར་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ཡིག་ཆ་དེ་རྣམས་ཀྱི་བརྒྱུད་པ་ནི། མུས་ཆེན་སངས་རྒྱས་རྒྱལ་མཚན། བིཀྵུ་ཀུ་ས་ལི་པ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་གྲུབ་ཐོབ་གཡའ་བཟང་པ་ནས་བརྒྱུད་པའི་གཟའ་བསྲུང་ཐོབ་པ་དོན་ལྡན་གྱི་མན་ངག་ཟབ་མོ་ཐོབ་པའི་བརྒྱུད་པ་ནི། བླ་མ་གཡའ་བཟང་བ་སྨོན་ལམ་འོད། ཁམས་པ་བླ་མ། བླ་མ་དམ་པ། མཁན་ཆེན་བྱང་སེང་། ཐེག་ཆེན་ཆོས་རྒྱལ། ཤངས་པ་ཀུན་མཁྱེན། དམར་སྟོན་རྒྱལ་མཚན་འོད་ཟེར། བྲག་ནག་པ་རིན་ཆེན་རྒྱལ་མཚན། པཎ་ཆེན་ཤཱཀྱ་མཆོག་ལྡན། སློབ་དཔོན་ལྷའི་བཙུན་པ་གྲགས་པ་བྱང་ཆུབ། ཀུན་སྤངས་རིན་པོ་ཆེ།
འདིའི་གོང་གི་བརྒྱུད་པ་འགའ་ཞིག་བརྟག་པར་བྱའོ།
ཁྲབ་ཆེན་སངས་རྒྱས་དཔལ་བཟང་། རྗེ་ནམ་མཁའ་སངས་རྒྱས། རྗེ་བཙུན་དམ་ཆོས་དབང་ཕྱུག རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །གྲུབ་ཐོབ་གཡའ་བཟང་པ་ལ་ར་ཧུ་ལས་དངོས་སུ་ཕུལ་བའི་དྲང་སྲོང་གི་གནོད་པ་བསྲུང་ཐབས་དགུ་བསྙེན་བྱ་ཚུལ། སྤུར་ཆོག་བསྲུང་བ་བརྟག་ཐབས་སོགས་མན་ངག་གི་ཡི་གེ་རྙིང་མ་ཡོངས་རྫོགས་ཀྱི་ལུང་ཡང་ཐོས། ༈ །ཆོས་རྗེ་ས་སྐྱ་པ་ནས་བརྒྱུད་པའི་སྣང་བ་མཐའ་ཡས་ལ་བརྟེན་པའི་འཕོ་བའི་མན་ངག་གི་བསྒོམ་དོན་ཟབ་མོ་ཐོབ་པའི་བརྒྱུད་པ་ནི། འཕགས་པ་འཇམ་དཔལ། ཛེ་ཏ་རི་དགྲ་ལས་རྣམ་རྒྱལ་བ། རྡོ་རྗེ་གདན་པ་ཆེན་པོ། ཨ་བྷྱ་ཀ་ར། དེས་རྡོ་