[A:༤༩བ]རྗེ་གདན་པ་ཆུང་བ། པཎྜི་ཏ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ། ས་སྐྱ་པ་ཀུན་དགའ་སྙིང་པོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་སྐྱ་པཎྜི་ཏ། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། འཇམ་དབྱངས་དོན་ཡོད་རྒྱལ་མཚན། འདུལ་འཛིན་བྱང་སེམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་། རྒྱལ་ཚབ་ཀུན་དབང་། ཡོངས་འཛིན་དཀོན་མཆོག་འཕེལ། ས་ལོ་འཇམ་དབྱངས་ཆེན་པོ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། སྤྱན་སྔ་རིན་ཆེན་དཀོན་མཆོག་རྒྱ་མཚོ། རྒྱལ་བ་འོད་དཔག་མེད་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་ལ་གདམས་པ་འདིའི་ཆེ་བརྗོད་དུ་མ་དང་བཅས་གླིང་དགའ་ཆོས་གྲྭ་ཟུར་དུ་གནང་བ་ལགས། ༈ །ཡང་རྗེ་བླ་མ་ཆོས་ཀྱི་རྒྱལ་པོ་ཆེན་པོ་དེ་ཉིད་ཀྱི་དྲུང་དུ་རྗེས་སུ་གནང་བའི་སྐོར་ཐོས་པ་ལས། ཐོག་མར་འཇམ་པའི་དབྱངས་ཨ་ར་པ་ཙ་ནའི་རྗེས་གནང་གི་བརྒྱུད་པ་ནི། འཇམ་དབྱངས། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་ལོ་ཙཱ་བ། ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎ་ཆེན། རྗེ་བཙུན་སྒ་ལོ། སྲས་ཨ་ཀ་ར། བྲག་ཁ་བ་གྲགས་པ་སེང་གེ བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག་པ། འདྲེན་མཆོག་དཀོན་མཆོག་འཕེལ་བ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་