R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༠ན
[A:༥༠ན]སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་ངོར་ཆེན་རྡོ་རྗེ་འཆང་། མུས་ཆེན་སེམས་དཔའ་ཆེན་པོ། ཀུན་མཁྱེན་བསོད་ནམས་སེང་གེ རྗེ་སངས་རིན་པ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ་མན་གོང་དང་འདྲ། ཡང་ན་ངོར་ཆེན་ཀུན་བཟང་། པཎ་ཆེན་གྲགས་རྒྱལ། མཁན་ཆེན་ལེགས་འབྱུང་། འཇམ་དབྱངས་ས་ལོ། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲ། ཡང་ན་ངོར་ཆེན་ཀུན་བཟང་། མཁས་གྲུབ་དཔལ་ལྡན་རྡོ་རྗེ། མཚུངས་མེད་རི་ཁྲོད་པ་ཀུན་དགའ་མཆོག་ལྡན། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ་མན་འདྲའོ། །རྗེ་བཙུན་གྱིས་མཛད་པའི་བསྟོད་པ་རྒྱུད་གསུམ་འཁོར་ལོ། དེའི་འགྲེལ་པ། སྒྲུབ་ཐབས། བསྟོད་པ་རྣམས་ས་པཎ་གྱིས་མཛད་པ། རྗེས་གནང་གི་ཡི་གེ་བླ་མ་རྡོ་རྗེ་འཆང་གིས་མཛད་པ་རྣམས་ཐོས་སོ། ༈ །འཇམ་དབྱངས་དཀར་པོའི་རྗེས་གནང་དང་སྒྲུབ་ཐབས་པཎྜི་ཏ་མ་ཏིས་མཛད་པའི་བརྒྱུད་པ་ནི། འཇམ་དབྱངས། པཎྜི་ཏ་མ་ཏི། པཎ་ཆེན་ཤཱཀྱ་ཤྲཱི། བྱང་ཆུབ་དཔལ། བདེ་བ་དཔལ། སེང་གེ་གཞོན་ནུ། མཁན་པོ་བསོད་ཤེས། མཁན་ཆེན་ཤེས་རབ་མགོན། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག འདྲེན་མཆོག་དཀོན་མཆོག་འཕེལ་བ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་