[A:༥༡ན]ལའོ། །སྒྲུབ་ཐབས་དང་མ་ཏིས་མཛད་པའི་བསྟོད་པ། ཁྲོ་ལོས་མཛད་པའི་ལོ་རྒྱུས། རྗེས་གནང་། སྒྲུབ་ཐབས། ལས་ཚོགས་དང་བཅས་པ་རྒྱ་སྟོན་གྱིས་མཛད་པ་རྣམས་ཐོས་སོ། ༈ །མི་གཡོ་བ་དཀར་པོའི་རྗེས་གནང་གི་བརྒྱུད་པ་ནི། པཎྜི་ཏ་ཨ་བྷྱ་ཀ་ར་གུཔྟ། སློབ་དཔོན་ལྷན་ཅིག་སྐྱེས་པ། པཎྜི་ཏ་དཱ་ལ་ཤཱི་ལ། ས་སྐྱ་པཎྜི་ཏ། སློབ་དཔོན་འུ་ཡུག་པ། བཅོམ་ལྡན་རལ་གྲི སློབ་དཔོན་བསོད་ནམས་བཟང་པོ། མཁན་ཆེན་བསོད་ནམས་བཟང་པོ། དར་བསང་པ། མཁན་པོ་བསོད་ཤེས། མཁན་ཆེན་ཤེས་རབ་བཟང་། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དབང་། འདྲེན་མཆོག ངོར་ཆེན་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལོ། །ཡང་ལུགས་གཅིག་ནི། རྗེ་བཙུན་མི་གཡོ་བ། འོད་བྱེད་འབྱུང་གནས་དཔལ། ཁ་ཆེ་པཎ་ཆེན། པཎྜི་ཏ་དཱ་ན་ཤཱི་ལ། མཁས་པ་ཡོན་ཏན་ཁྲི། འདུལ་འཛིན་བྱང་སེམས། རྒྱལ་ཚ་ཆོས་དབང་། གཞོན་གྲགས་མཆོག་དབྱངས། གཡག་སྟོན་སངས་རྒྱས་དཔལ། རོང་སྟོན་ཤེས་བྱ་ཀུན་རིག པཎྜི་ཏ་གྲགས་པ་རྒྱལ་མཚན། མཁན་ཆེན་ལེགས་པའི་འབྱུང་གནས། ས་ལོ་འཇམ་པའི་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །རྒྱ་གཞུང་མཁས་པ་ཡོན་ཏན་ཁྲིས་མཛད་པའི་ཡིག་རྙིང་མ་ལུས་པ། དེའི་ཞལ་ཤེས་