[A:༥༡ན]གསུམ་ཡར་ཀླུང་པས་མཛད་པ། མཁན་ཆེན་གཡག་པས་མཛད་པའི་སྒྲུབ་སྐོར་མི་ཟད་པའི་གཏེར་མཛོད་རྣམས་ཐོས་སོ། །མི་གཡོ་བ་སྔོན་པོའི་རྗེས་གནང་ཆུ་བསྲུང་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། ཛེ་ཏ་རི། རྡོ་རྗེ་གདན་པ་ཆེ་ཆུང་། བ་རི་ལོ་ཙཱ་བ། ས་སྐྱ་པ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་ཆེན་པོ། བློ་གྲོས་བརྟན་པ། བླ་མ་དཔལ་ཚུལ་བ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། ཆོས་རྗེ་ཀུན་དགའ་བཟང་པོ། པཎྜི་ཏ་གྲགས་པ་རྒྱལ་མཚན། མཁན་ཆེན་ལེགས་པའི་འབྱུང་གནས། ས་ལོ་འཇམ་པའི་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །འདིའི་རྒྱ་གཞུང་དང་། གསལ་བྱེད་ཀྱི་ཡི་གེ་རྗེ་བཙུན་བསོད་ནམས་རྩེ་མོས་མཛད་པ། སྒྲུབ་ཐབས་རྗེས་གནང་དང་བཅས་པ་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ་རྣམས་ཐོས་སོ། ༈ །གཙུག་ཏོར་རྣམ་རྒྱལ་གྱི་རྗེས་གནང་གི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། ཛེ་ཏ་རི། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་ལོ་ཙཱ་བ། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། ཆོས་རྒྱལ་འཕགས་པ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་