[A:༥༡བ]མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྗེ་ཀུན་དགའ་དབང་ཕྱུག འདྲེན་མཆོག ངོར་ཆེན་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་ངོར་ཆེན། མུས་ཆེན། འདྲེན་མཆོག ས་ལོ་འཇམ་པའི་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་མན་འདྲ། ཡང་ན་མུས་ཆེན། གྲུབ་ཆེན་དཀོན་མཆོག་བློ་གྲོས། རྗེ་སངས་རྒྱས་རིན་ཆེན། ས་ལོ་འཇམ་པའི་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་མན་འདྲ། རྣམ་རྒྱལ་གྱི་རྟོག་པ་དང་འགྲེལ་པ་བསོད་ནམས་རྩེ་མོས་མཛད་པ། བསྟོད་པ་ཙནྡྲ་གོ་མིས་མཛད་པ། སྒྲུབ་སྐོར་ཆོས་རྒྱལ་འཕགས་པས་མཛད་པ། ས་ལོས་མཛད་པའི་སྟོང་མཆོད་ཀྱི་ལག་ལེན། རྗེ་དཀོན་མཆོག་ལྷུན་གྲུབ་གྱིས་མཛད་པའི་སྒྲུབ་ཐབས་སྟོང་མཆོད་དང་རྗེས་གནང་གི་ཆོ་ག་དང་བཅས་པའི་ཡི་གེ་བདུད་རྩི་ཆུ་རྒྱུན་ཞེས་བྱ་བ་ཡང་ཐོས་སོ། ༈ །རྡོ་རྗེ་རྣམ་འཇོམས་ཀྱི་རྗེས་གནང་གི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། ཛེ་ཏ་རི། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་ལོ་ཙཱ་བ། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། ཆོས་རྒྱལ་འཕགས་པ། བླ་མ་བསོད་ནམས་དབང་ཕྱུག རིན་ཆེན་དཔལ། བྱང་ཆུབ་གཞོན་ནུ། མཁན་ཆེན་བྱང་ཆུབ་སེང་གེ ཤར་པ་མན་གོང་དང་འདྲའོ། །སྒྲུབ་ཐབས། བུམ་ཆོག སྦྱིན་སྲེག་དང་བཅས་པ་འཕགས་པས་མཛད་པ། བ་རི་བ་ནས་བརྒྱུད་པའི་གཏོར་ཆེན་གྱི་ཆོ་ག་རྗེ་བཙུན་རྩེ་མོས་མཛད་པ་ལོ་