R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༢ན
[A:༥༢ན]རྒྱུས་དང་བཅས་པ། དཔང་གཟུགས་བླ་མ་རྡོ་རྗེ་འཆང་གིས་མཛད་པ། རྣམ་འཇོམས་ཀྱི་སྒྲུབ་ཐབས་བུམ་ཆོག་རྗེས་གནང་དང་བཅས་པ་རྗེ་བཙུན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ་རྣམས་ཐོས་སོ། ༈ །ཛཾ་སེར་གྱི་རྗེས་གནང་ཐོས་པའི་བརྒྱུད་པ་ནི། ཐུབ་པའི་དབང་པོ། ཕྱག་ན་རྡོ་རྗེ། སློབ་དཔོན་ཛཱེ་ཏ་རི། རྡོ་རྗེ་གདན་པ་མཆེད་གཉིས། བླ་མ་བ་རི་ལོ་ཙཱ་བ། རྗེ་ས་སྐྱ་པ་ཆེན་པོ། བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ། ཚོགས་བསྒོམ་པ། ཉན་ཆེན་པ། བསོད་ནམས་སྐྱབས། བླ་མ་གཟུངས་ཀྱི་དཔལ་བ། བླ་མ་དཔལ་ཚུལ། ཤར་ཆེན། རྗེ་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དབང་། འདྲེན་མཆོག ངོར་ཆེན་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། འདྲེན་མཆོག་དཀོན་མཆོག་འཕེལ་བ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་མན་འདྲ། སྒྲུབ་ཐབས་རྗེས་གནང་གི་ཆོ་ག་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ་ཡང་ཐོས་སོ། །ཛམྦྷ་ལ་ནག་པོའི་རྗེས་གནང་གི་བརྒྱུད་པ་ནི་སྔ་མ་དང་འདྲ། སྒྲུབ་ཐབས་རྗེས་གནང་གི་ཡི་གེ་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ་ཡང་ཐོས་སོ། ༈ །འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་རྗེས་གནང་གི་བརྒྱུད་པ་ནི། སེང་གེ་སྒྲ། ཙནྡྲ་གོ་མི། དེའི་སློབ་མ་ཨ་ཙ་ར་གཅིག
གྲུབ་ཆེན་དཔལ་འཛིན་ཡིན་གསུངས།
ཇོ་བོ་ནཱ་རོ་ཏ་པ། ཕཾ་ཐིང་པ་སྐུ་མཆེད། ཨསྡྱུ་ལ་བཛྲ། བྷ་
མན་ཙ་གླིང་པ་ཐུགས་རྗེ་ཆེན་པོ་ཟེར།
རོ་ཕྱག་རྡུམ། དེ་