[A:༡༡བ]དབྱངས་ཤེས་རབ་རྒྱ་མཚོ། རྒྱལ་ཚབ་ཀུན་དབང་། མཁས་གྲུབ་དཔལ་རྡོར་བ། ཀུན་མཁྱེན་ལྔ་ཀས་རྗེས་སུ་བཟུང་བ་འདྲེན་མཆོག ས་སྐྱ་ལོ་ཙཱ་བ། རྗེ་དཀོན་མཆོག་ལྷུན་གྲུབ་དེ་ལ། སྔགས་འཆང་ཆོས་ཀྱི་རྒྱལ་པོ། རྗེ་དཀོན་མཆོག་རྒྱ་མཚོ། རྗེ་དཀོན་མཆོག་དཔལ་ལྡན་གསུམ་གྱིས་གསན། དེ་གསུམ་ཆར་གྱིས་རྗེས་སུ་བཟུང་བ་རྡོ་རྗེ་འཆང་བསོད་ནམས་དབང་པོ། དེས་བདག་ལའོ། །ཡང་ན་རྒྱལ་ཚབ་ཀུན་དབང་། མཁན་ཆེན་ལེགས་འབྱུང་། ས་སྐྱ་ལོ་ཙཱ་བ། རྗེ་དཀོན་མཆོག་ལྷུན་གྲུབ། སྔགས་འཆང་ཆེན་པོ་མན་འདྲ། ཡང་ན་བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་པ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མན་གོང་དང་འདྲ། ཡང་ན་མུས་ཆེན། ཀུན་མཁྱེན། འདྲེན་མཆོག་གསུམ་ཀས་རྗེས་སུ་བཟུང་བ་སངས་རྒྱས་རིན་ཆེན། ས་སྐྱ་ལོ་ཙཱ། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲ། ༈ །བླ་མ་རིན་འབྱུང་གི་བརྒྱུད་པ་ནི། ངོར་ཆེན། མུས་ཆེན། ཀུན་དབང་། འདྲེན་མཆོག ས་སྐྱ་ལོ་ཙ་བ། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲ། ཡང་ན་མུས་ཆེན། ཀུན་མཁྱེན་བསོད་ནམས་སེང་གེ རྗེ་སངས་རྒྱས་རིན་ཆེན། ས་སྐྱ་ལོ་ཙཱ་བ། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲ། ༈ །རྣལ་འབྱོར་དབང་ཕྱུག་གི་བྱིན་རླབས་དང་། བིར་སྲུང་ཐུན་མོང་བའི་བརྒྱུད་པ་ལམ་ཟབ་དང་འདྲའོ། ༈ །བིར་སྲུང་ཐུན་མོང་མ་ཡིན་པའི་མན་ངག་གི་བརྒྱུད་པ་ནི། རྡོ་རྗེ་འཆང་ཀུན་བཟང་། མུས་ཆེན། ཀུན་དབང་པ། འདྲེན་མཆོག ས་སྐྱ་ལོ་ཙཱ་བ། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲའོ། །ཡང་ན་མུས་ཆེན། གྲུབ་ཆེན་དཀོན་བློ། རྗེ་སངས་རྒྱས་རིན་