R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢ན
[A:༡༢ན]ཆེན། ས་སྐྱ་ལོ་ཙཱ་བ་མན་འདྲ། ཡང་ན་རྒྱལ་ཚབ་ཀུན་དབང་། མཁན་ཆེན་ལེགས་འབྱུང་། ས་སྐྱ་ལོ་ཙཱ། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲ། ༈ །གསུང་ངག་རིན་པོ་ཆེའི་མན་ངག་གི་དོན་ཐམས་ཅད་བསྡུས་པ་བརྡ་དོན་གསལ་བའི་མན་ངག་གི་ཉམས་ལེན་གྱི་གནད་ཟབ་མོ་དུ་མ་དང་བཅས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བིརྺ་པ། ས་ཆེན། རྗེ་བཙུན། ས་པཎ། བླ་མ་ལུང་ཕུ་ནམ་མཁའ་བསོད་ནམས། མཁས་བཙུན་གཞོན་ནུ་གྲུབ། དགའ་ལྡན་པ་ཀུན་བསོད། རྒྱལ་བ་བྲག་ཕུག་པ། བླ་མ་དམ་པ། བློ་གྲོས་བརྟན་པ་གཉིས་ཀས་རྗེས་སུ་བཟུང་བ་བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། རྡོ་རྗེ་འཆང་ཀུན་བཟང་། མུས་ཆེན་དཀོན་རྒྱལ་གཉིས་ཀས་རྗེས་སུ་བཟུང་བ་རྒྱལ་ཚབ་ཀུན་དབང་། ཡོངས་འཛིན་དཀོན་མཆོག་འཕེལ། ས་སྐྱ་ལོ་ཙཱ་བ། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲ། ཡང་ན་མུས་ཆེན། ཀུན་མཁྱེན། རྗེ་སངས་རིན། ས་ལོ་ཙཱ་བ་མན་འདྲ། ༈ །ལམ་སྦས་བཤད་ཀྱི་ཐུགས་རྡོ་རྗེའི་ཁྲིད། འཁྲུལ་འཁོར། གྲུབ་ཆེན་བཅུ། ཕྲ་མོ་བརྒྱ་དང་བཅས་པའི་བརྒྱུད་པ་ནི། མུས་ཆེན་དཀོན་མཆོག་རྒྱལ། ཀུན་མཁྱེན་བསོད་ནམས་སེང་གེ འདྲེན་མཆོག ས་སྐྱ་ལོ་ཙཱ་བ། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲ། ཡང་ན་ཀུན་མཁྱེན། མུས་ཆེན་སངས་རིན། ས་ལོ་མན་འདྲ། ༈ །སྦས་བཤད་འཁྲུལ་འཁོར་སོ་གཉིས་ཀྱི་བརྒྱུད་པ་ནི། ཉན་ཆེན་པ་ནས། གཉག་སྙིང་པོ་རྒྱལ་མཚན། བླ་མ་རྒྱལ་མཚན་འོད། འགྲོ་མགོན་བསོད་ནམས་པ། བླ་མ་དཔལ་ལྡན་པ་མན་འདྲ། ༈ །ཕོ་བྲང་ལྔའི་སྦས་བཤད་ཀྱི་འཁྲུལ་