R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༢ན
[A:༦༢ན]རྟོག་བདུན་གྱི་རྣམ་བཤད། འཇམ་དཔལ། མི་གཡོ་བ། སྒྲོལ་མ་རྣམས་ལ་བསྟོད་པ་རེ་རེ། སྒྲོལ་མ་ལྷ་བཅུ་བདུན་གྱི་དབང་གི་ཐོ་ཡིག མན་ངག་གཅེས་བསྡུས་རིན་ཆེན་ཕྲེང་བ།
འདིའི་ནང་ན་གྲུབ་པའི་སློབ་དཔོན་སོ་སོ་ལས་བརྒྱུད་པའི་མན་ངག་རྣམ་གྲངས་དུ་མ་ཡོད་ཅིང་། འདི་ས་ཆེན་རང་རྐྱང་པས་མཛད་པ་མིན་པ་འདྲ་སྟེ། སྐེད་བར་ན་རྗེ་བཙུན་གྱིས་མཛད་པའི་ཕྱག་ཆེན་གཅེས་བསྡུས་ཀྱི་ནང་ཚན་འདྲ་དང་། མཇུག་ན་ས་པཎ་གྱིས་མཛད་པའི་ལམ་སྦས་བཤད་ཀྱི་མན་ངག་འགའ་རེ་ཡང་འདུག ས་སྐྱ་པ་རང་གི་མན་ངག་སྔ་ཕྱི་སློབ་རྒྱུན་ཞིག་གིས་ཕྱོགས་གཅིག་ཏུ་བསྒྲིགས་པའི་ལུང་རྒྱུན་མཁན་ཆེན་ཤེས་རྡོར་བས་གསན་པ་འདིར་བཅུག་པ་ཡིན་པ་འདྲ། འདི་ལ་འགལ་བ་མེད་དམ།
ཨུཥྞའི་སྲུང་འཁོར། མཧཱ་མ་ཡའི་རྒྱུད་སྟོང་ཕྲག་བརྒྱད་བཅུ་པ་ནས་གསུངས་པའི་བྷ་ཡ་ནའི་སྲུང་འཁོར། སྐྱུ་ར་ཨ་སྐྱབས་ལ་ཞུ་ཚིག བུམ་གཏེར་བྱ་ཐབས། རྡོ་རྗེ་ཕུར་པའི་མངོན་རྟོགས། ཕུར་པའི་ལས་བྱང་། ཁྱུང་ཁྲའི་མན་ངག་བླ་མ་མལ་ནས་བརྒྱུད་པ་དུར་ཁྲོད་བདག་པོའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། བདེ་མཆོག་རྩ་རྒྱུད་ཀྱི་ཊིཀྐ་མུ་ཏིག་ཕྲེང་བ་གཉན་ཕུལ་ཆུང་བས་མཛད་པ། བདེ་མཆོག་ལཱུ་ཧི་པའི་འབྲུ་འབུམ་གཉན་གྱིས་མཛད་པ་རྣམས་ལེགས་པར་ཐོས་སོ། །གཉན་གྱིས་མཛད་པ་འདིར་ཡོང་བ་ཡང་སྔར་གྱི་རྒྱུ་མཚན་དང་མཚུངས། རྗེ་མུས་སྲད་པའི་གསུང་ལས། མུ་ཏིག་ཕྲེང་བ་འདི་གཉན་གྱིས་མཛད་ཟེར་ཡང་བརྟག་དགོས་གསུངས་ཤིང་། ཁོང་རང་ས་ཆེན་གྱིས་མཛད་པར་བཞེད། དེ་ལྟར་ན་འདིའི་དབུ་ཕྱོགས་ན་བརྒྱུད་པ་སྨོས་སྐབས། རྡོ་རྗེ་འཆང་ནས་བླ་མ་མལ་ལོ་ཙཱ་བ་ལ་བརྒྱུད་ཚུལ་གྱི་བར་གསུངས་པའི་རྗེས་སུ་དེས་བདག་ཉིད་ཀྱི་བླ་མ་རྩོད་པའི་དུས་སུ་རྡོ་རྗེ་གདན་པ་ཐེག་པ་