[A:༡༢བ]འཁོར་དང་བཅས་པའི་བརྒྱུད་པ་ནི། ཉན་ཆེན་པ། དཀར་པོ་བྲག་པ། དཔལ་ལྡན་པ་མན་འདྲ། ༈ །རྣམ་འཇོམས་བིར་ལུགས་ཀྱི་མན་ངག་གི་བརྒྱུད་པ་ནི། རྡོ་རྗེ་རྣམ་འཇོམས། བིརྺ་པ། ས་ཆེན། རྩེ་མོ། རྗེ་བཙུན། ས་པཎ། སྐྱོ་སྟོན་དྲི་མེད། ཞང་དཀོན་མཆོག་དཔལ། དགའ་ལྡན་པ་ཀུན་བསོད། གན་པ་རིན་ཆེན་རྒྱལ་མཚན། འགྲོ་མགོན་བསོད་རྒྱལ། དཔལ་ཚུལ་བ། ཤར་ཆེན། ངོར་ཆེན། མུས་ཆེན། ཀུན་མཁྱེན། རྗེ་སངས་རིན། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲ། ཡང་སྐྱོ་སྟོན་དར་མ་ཡེ་ཤེས། བག་སྟོན་གཞོན་ཚུལ། བླ་མ་ཚུལ་རྒྱལ། བླ་མ་དཔལ་ལྡན་ཚུལ་ཁྲིམས་མན་ཆད་གོང་དང་འདྲ། ཡང་ན་རྗེ་བཙུན། གན་པ་སྟོན་དར། གན་པ་སེ་སྟོན། གན་པ་ཆོས་རྒྱལ། གན་པ་ཆོས་རིན། གན་པ་རིན་རྒྱལ། འགྲོ་མགོན་བསོད་ནམས་པ་སོགས་སྔ་མ་བཞིན་ནོ། །ཚར་གསུམ་ཁུགས་པའི་མན་ངག་གི་བརྒྱུད་པ་ནི། ས་པཎ་ཡན་ཆད་ལམ་འབྲས་དང་འདྲ་བའམ། ཡང་ན་འབྲོག་མི་ནས། མངའ་རིས་པ་གསལ་བའི་སྙིང་པོ། སྒྱི་ཆུ་བ། ས་ཆེན། རྩེ་མོ། རྗེ་བཙུན། ས་པཎ། ལུང་ཕུ་བ། བཀྲས་ལུང་པ། གཞོན་ནུ་གྲུབ། ཞང་བྱང་ཆུབ་ཤེས་རབ། འགྲོ་མགོན་བསོད་ནམས་པ། བླ་མ་དཔལ་ལྡན་པ། རྗེ་བུདྡྷ་ཤྲཱི། རྡོ་རྗེ་འཆང་ཀུན་བཟང་། མུས་ཆེན་དཀོན་རྒྱལ། རྒྱལ་ཚབ་ཀུན་དབང་བ། ཡོངས་འཛིན་དཀོན་མཆོག་འཕེལ་བ། ས་སྐྱ་ལོ་ཙཱ་བ། རྗེ་དཀོན་མཆོག་ལྷུན་གྲུབ། སྔགས་འཆང་ཆེན་མོ་མན་འདྲ། ཡང་ན་འདྲེན་མཆོག རྗེ་སངས་རྒྱས་རིན་ཆེན། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲ། ༈ །སྒོ་དྲུག་ཆོས་འབྲེལ་དུ་གྲགས་