R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༦བ
[A:༦༦བ]གིས་རང་ལ་གྲོས་འདེབས། བདེ་བ་ཅན་ན་བཞུགས་པའི་དགེ་བསྙེན་རྣམས་ལ་གནང་བའི་བཀའ་ཤོག བླ་མ་ནམ་མཁའ་དཔལ་བཟང་ལ་གདམས་པ་སྔ་ཕྱི་བཞི། བླ་མ་བློ་རིན་ལ་གདམས་པ། སློབ་དཔོན་ཆོས་ཀྱི་རྒྱལ་མཚན་ལ་གནང་བའི་བཀའ་ཤོག བླ་མ་རིན་ཆོས་ལ་གདམས་པ། དཔོན་པོ་ཀུན་དགའ་ཆོས་སྐྱོང་ལ་གདམས་པ། བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་ལ་བསྟོད་པའི་བརྒྱུད་པ་ནི། མུས་ཆེན་སེམས་དཔའ་ཆེན་པོ། གྲུབ་ཆེན་དཀོན་མཆོག་བློ་གྲོས། འཇམ་དབྱངས་སངས་རྒྱས་རིན་ཆེན། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །རྗེ་བཙུན་བླ་མ་དམ་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་སངས་རྒྱས་རིན་ཆེན་དཔལ་བཟང་པོ་ཉིད་ཀྱི་གསུང་རབ་རྣམས་ཀྱི་ལུང་ཐོབ་པའི་རྣམ་གྲངས་ལ། རྣམ་རྒྱལ་བླ་མ་བརྒྱུད་པའི་གསོལ་འདེབས། ཀུན་མཁྱེན་བསོད་ནམས་སེང་གེའི་རྣམ་ཐར། གྲུབ་ཆེན་དཀོན་མཆོག་བློ་གྲོས་པའི་རྣམ་ཐར་བསྟོད་པ་འགྲེལ་པ་དང་བཅས་པ། ཡོངས་འཛིན་དཀོན་མཆོག་འཕེལ་བའི་རྣམ་ཐར། རྗེ་སེམས་དཔའ་ཆེན་པོ་སོགས་ཀྱི་བསྟོད་པ་ཐོར་བུ་བ་འགའ་དང་། ལམ་ཟབ་བསྡུས་པའི་ཉམས་ལེན། གསུང་ངག་གི་ཁྲིད་ཡིག་དངོས་གྲུབ་འབྱུང་བའི་གཏེར་ཆེན། དེའི་ཁ་སྐོང་། འཁྲུལ་སྤོང་གནད་ཀྱི་གསལ་བྱེད། རྡོ་རྗེའི་ཚིག་རྐང་གི་རྣམ་བཤད། ཀྱཻ་རྡོ་རྗེའི་བསྐྱེད་རིམ་གྱི་རྣམ་བཤད་སྙིང་པོ་དོན་གསལ། རྩ་སྔགས་ཀྱི་བཤད་པ། བདུད་རྩི་རིལ་བུ་བསྒྲུབ་པའི་ཕྱག་ལེན། དཔལ་མངོན་པར་རྟོགས་པའི་