R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༧ན
[A:༦༧ན]གསལ་བྱེད། སྤྱོད་པའི་རྡོ་རྗེའི་ལུགས་ཀྱི་སྒྲུབ་ཐབས་མ་ནོར་གསལ་སྒྲོན། ལཱུ་ཧི་པའི་སྒྲུབ་མཆོད་ཀྱི་ཟུར་འདེབས། མཆོད་ཕྲེང་གི་ལྷན་ཐབས། བདེ་མཆོག་དཀར་པོའི་ཚེ་སྒྲུབ། འདུས་པ་འཕགས་ལུགས་ཀྱི་སྒྲུབ་དཀྱིལ་གྱི་ལྷན་ཐབས། འཇམ་པའི་རྡོ་རྗེའི་སྒྲུབ་དཀྱིལ་གྱི་ལྷན་ཐབས། དེའི་བཀྲ་ཤིས། སྦྱོང་རྒྱུད་དཀྱིལ་འཁོར་ཕྱི་མ་བཅུ་གཅིག་གི་བདག་མདུན་སྒྲུབ་ཚུལ། དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་བསྐུར་བའི་ཕྱག་ལེན། དེའི་སྟ་གོན་གྱི་ཟུར་འདེབས། འཆི་བདག་འཇོམས་པའི་དཀྱིལ་འཁོར་གྱི་ཆོ་ག་འཕྲིན་ལས་ཀུན་ཁྱབ། ཚེ་དཔག་མེད་ལྷ་དགུའི་དབང་གི་ཆོ་ག་རིན་ཆེན་ཕྲེང་བ། རོང་སྟོན་ཆེན་པོ་ནས་བརྒྱུད་པའི་ཚེ་སྒྲུབ་ཁྱད་པར་ཅན། ཚེ་དཔག་མེད་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་དབང་ཆོག སྒྲོལ་མ་དཀར་མོའི་མངོན་རྟོགས་རྗེས་གནང་གི་ཆོ་ག་དང་བཅས་པ། དོན་ཡོད་ཞགས་པའི་བསྙེན་སྒྲུབ་བྱ་ཚུལ། སེང་གེ་སྒྲའི་རྗེས་གནང་མངོན་རྟོགས། འཇམ་དབྱངས་དམར་སེར་གྱི་རྗེས་གནང་བྱ་ཚུལ། ཨུ་ཙརྻའི་རྗེས་གནང་བྱ་ཚུལ། འབྱུང་པོ་འདུལ་བྱེད་ཀྱི་མངོན་རྟོགས་དང་རྗེས་གནང་བྱ་ཚུལ། མགོན་པོ་ལྕམ་དྲལ་གྱི་རྗེས་གནང་བྱ་ཚུལ། མགོན་པོའི་མན་ངག་རྩ་གསུམ་ལ་བརྟེན་པའི་བསྙེན་སྒྲུབ་ལས་གསུམ་འཇམ་རྩུབ་གཉིས། འཁོར་རྐྱང་གི་རྗེས་གནང་བྱ་ཚུལ་མན་ངག་ཟབ་མོ་འགའ་ཞིག་དང་བཅས་པ། དུར་ཁྲོད་བདག་པོའི་རྗེས་གནང་བྱ་ཚུལ་གཏོར་ཆོག་དང་བཅས་པ། དུད་སོལ་ལྷ་མོའི་རྗེས་གནང་བྱ་ཚུལ། དེའི་གཏོར་ཆོག དེའི་ཐུགས་དམ་བསྐངས་པའི་ཆོ་ག གནོད་སྦྱིན་འཁོར་ལོའི་སྒྲུབ་ཡིག གསན་ཡིག་