R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤ན
[A:༤ན]མན་འདྲ། ཡང་ན། ངོར་ཆེན། མུས་ཆེན། རྒྱལ་ཚབ་ཀུན་དབང་། མཁན་ཆེན་བསོད་ནམས་ལྷུན་གྲུབ། ས་ལོ་འཇམ་པའི་རྡོ་རྗེ། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲ། ཡང་ན། སེམས་དཔའ་ཆེན་པོ། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། རྡོ་རིང་ཀུན་སྤངས་ཆོས་ཀྱི་ཉི་མ། ཚར་ཆེན་བློ་གསལ་རྒྱ་མཚོ། མཁས་པའི་དབང་པོ་ཀླུ་སྒྲུབ་རྒྱ་མཚོ། སྡོམ་བརྩོན་དམ་པ་སྦྱིན་པ་གྲགས་པ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་རྒྱལ་ཚབ་ཀུན་དབང་། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། རྗེ་ཀུན་དགའ་གྲོལ་མཆོག མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་མན་འདྲ། ཡང་ན། རྗེ་དཀོན་མཆོག་ལྷུན་གྲུབ། བློ་གྲོས་རྒྱལ་མཚན། སྡོམ་བརྩོན་དམ་པ་སྦྱིན་པ་གྲགས་པ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །དཔལ་ཀྱཻ་རྡོ་རྗེའི་རྩ་བའི་རྒྱུད་བརྟག་པ་གཉིས་པ། རྗེ་བཙུན་གྱི་དག་ལྡན། ཤར་ཆེན་གྱི་དག་ལྡན་གོ་སླ་དང་བཅས་པའི་སྟེང་ནས་ཚུལ་བཞི་སྔོན་དུ་འགྲོ་བའི་བཤད་བཀའ་རྒྱས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བདག་མེད་མ། རྣལ་འབྱོར་དབང་ཕྱུག་བིརྺ་པ། ཌོམྦྷི་ཧེ་རུ་ཀ ཨ་ལ་བཛྲ། དཔལ་ལྡན་ནགས་ཁྲོད་པ། གརྦྷ་རི་པ། བསོད་སྙོམས་པ་ཛ་ཡ་ཤྲཱི། སློབ་དཔོན་སྦྱངས་དཀའ་ཟླ་བ། དེ་ལ་སློབ་མའི་མཆོག་དཔའ་བོ་རྡོ་རྗེ། སེང་གེ་རྡོ་རྗེ། སྒྲ་གཅན་འཛིན་དང་གསུམ་ལས། འདིར་དགེ་སློང་དཔའ་བོ་རྡོ་རྗེ། དེས་ལོ་ཙཱ་བ་ཆེན་པོ་ཤཱཀྱ་ཡེ་ཤེས་ལ་གནང་། དེ་ལ་འཁོན་དཀོན་མཆོག་རྒྱལ་པོ། མངའ་རིས་པ་གསལ་བའི་སྙིང་པོ། སེ་མཁར་ཆུང་བ་ཀུན་རིག འཁྱིན་ལོ་