[A:༤བ]ཙཱ་བ་འོད་ཀྱི་སྣང་བ་དང་བཞི་ལས། འཁོན་དཀོན་མཆོག་རྒྱལ་པོ། རྗེ་ས་ཆེན། ཡང་ན་བླ་མ་མངའ་རིས་པ། འཁོན་སྒྱི་ཆུ་བ། དགྲ་ལྷ་འབར། རྗེ་ས་སྐྱ་པ་ཆེན་པོ། ཡང་ན་སེ་འཁར་ཆུང་བ། འཁོན་དཀོན་མཆོག་རྒྱལ་པོ། རྗེ་ས་ཆེན། འཁྱིན་ལོ་ཙཱ་བ། འཁོན་དཀོན་མཆོག་རྒྱལ་པོ། རྗེ་ས་སྐྱ་པ་ཆེན་པོའོ། །དེ་ལྟར་བརྒྱུད་པའི་བཀའ་བབ་བཞི་དང་ལྡན་པའི་བླ་མ་ས་སྐྱ་པ་ཆེན་པོས། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། ཚུལ་ཁྲིམས་གྲགས། གཙུག་ཏོར་རྒྱལ་པོ་གསུམ་ལ་གནང་། དེ་གསུམ་ཀས་རྗེ་བཙུན་གྲགས་པ་རྒྱལ་མཚན། དེས་ཆོས་རྗེ་ས་སྐྱ་པ་པཎྜི་ཏ་ཆེན་པོ་ལ། དེས་འཕགས་པ་རིན་པོ་ཆེ་ལ། དགའ་ལྡན་པ་བཀྲ་ཤིས་དཔལ། ཆོས་རྗེ་བྲག་ཕུག་པ་བསོད་ནམས་དཔལ། བླ་མ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྗེ་ཀུན་དགའ་དབང་ཕྱུག འདྲེན་མཆོག་དཀོན་མཆོག་འཕེལ། མུས་ཆེན་སངས་རྒྱས་རིན་ཆེན། ས་ལོ་འཇམ་པའི་རྡོ་རྗེ། པཎ་ཆེན་ནམ་མཁའ་དབང་ཕྱུག ཆོས་རྗེ་གྲགས་པ་མཐའ་ཡས། མུས་ཆེན་རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། སྡོམ་བརྩོན་དམ་པ་སྦྱིན་པ་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་དཀོན་མཆོག་ལྷུན་གྲུབ། རྗེ་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན་མན་འདྲ། ཡང་ན། ངོར་ཆེན། མུས་ཆེན་སེམས་དཔའ་ཆེན་པོ་གཉིས་ཀ་ལ། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག་པ་དང་། ཀུན་མཁྱེན་བསོད་ནམས་སེང་གེ དེ་གཉིས་ཀ་ལ་འདྲེན་མཆོག་རཏྣ་