R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥ན
[A:༥ན]ཝརྡྷ། འཇམ་པའི་དབྱངས་དཀོན་མཆོག་ལྷུན་གྲུབ་མན་འདྲ། ཡང་ན་ངོར་ཆེན། ས་པཎྜི་ཏ། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། ས་ལོ་འཇམ་པའི་རྡོ་རྗེ། རྗེ་རཏྣ་ནི་ར་བྷོ་ཥ་མན་འདྲ། རྒྱུད་སྡེ་སྤྱི་རྣམ་རྗེ་བཙུན་རྩེ་མོས་མཛད་པ། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་མཛད་པའི་ལྗོན་ཤིང་། སྟོང་ཐུན་ས་བཅད། རྒྱུད་སྡེའི་དུམ་བུ། ཡབ་ཡུམ་གྱི་བསྟོད་པ་གཉིས། བདག་མེད་བསྟོད་པའི་འགྲེལ་པ་ས་པཎ་གྱིས་མཛད་པ། ཀྱེ་རྡོར་རྒྱུད་ཀྱི་བྱུང་ཚུལ་ངོར་ཆེན་རྡོ་རྗེ་འཆང་ཀུན་བཟང་གིས་མཛད་པ། ཚུལ་བཞིའི་རྣམ་གཞག་གློ་བོ་མཁན་ཆེན་པས་མཛད་པ། འགྲེལ་པ་དག་ལྡན། དག་ལྡན་ཁ་སྐོང་། དག་ལྗོན་ལུང་འགྲེལ་ཤར་པས་མཛད་པ། བརྒྱུད་འདེབས་ཚུལ་གསུམ་མཛེས་རྒྱན། ལྗོན་ཤིང་མཛེས་རྒྱན་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱི་མཛད་པ་རྣམས་ཀྱི་ལུང་ཐོས་སོ། ༈ །གཉན་སྒྲོལ་ཡན་ལག་དྲུག་པའི་རྗེས་གནང་མཚན་བརྒྱ་རྩ་བརྒྱད་པའི་ལུང་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། འཕགས་པ་ཀླུ་སྒྲུབ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད། དཔལ་བདེ། དྲི་མེད་སྦས་པ། རཏྣ་བཛྲ། རཏྣ་ཀིརྟི། རི་སུལ་གྱི་རྣལ་འབྱོར་མ། གཉན་ལོ་ཙཱ་བ། བླ་མ་གནམ་ཁ་འུབ་པ་ཆོས་ཀྱི་རྒྱལ་མཚན། ས་ཆེན། རྗེ་བཙུན། བྱང་ཆུབ་དཔལ། བདེ་བ་དཔལ། གྲགས་པ་གཞོན་ནུ། བསོད་ནམས་གྲགས་པ། གྲགས་པ་ཚུལ་ཁྲིམས། ཤེས་རབ་རྡོ་རྗེ། རྒྱལ་བཟང་པ། མཁན་ཆེན་བྱང་ཆུབ་སེང་གེ ཤར་པ་ཡེ་རྒྱལ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྗེ་ཀུན་དགའ་དབང་ཕྱུག འདྲེན་མཆོག་དཀོན་མཆོག་འཕེལ། རྗེ་ལྷ་མཆོག་སེང་