R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥བ
[A:༥བ]གེ རྗེ་སངས་རྒྱས་སེང་གེ རྗེ་ཀུན་དགའ་ལུང་རིགས། སྡོམ་བརྩོན་དམ་པ་སྦྱིན་པ་གྲགས་པ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །སྒྲུབ་ཐབས་ཡན་ལག་དྲུག་པ་རྗེ་བཙུན་གྱིས་མཛད་པ་ཐོས། ༈ །ཡང་བླ་མ་ཆོས་ཀྱི་རྗེ་དེ་ཉིད་ཀྱི་དྲུང་དུ། ཕྱག་ན་རྡོ་རྗེ་གཏུམ་པོ་ཁྱུང་ཆེན་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། གསང་བའི་བདག་པོ། ཀླུ་སྒྲུབ་ཞབས། པཎྜི་ཏ་འབར་བའི་གཙོ། གྲུབ་ཆེན་ཞིང་གི་རྡོ་རྗེ། རྔོག་ལོ་ཆེན་པོ་ཤེས་རབ་གྲགས། སྲས་སློབ་དཔོན་བྷ་ཝ། གཙང་སྟོན་སྨྲ་བའི་སེང་གེ རྣལ་འབྱོར་དབང་ཕྱུག་མདོ་སྡེ་སེང་གེ གྲུབ་སྟོན་ཤཱཀྱ་གཞོན་ནུ། ལྕེ་བློ་ལྡན་སེང་གེ ལྕེ་བཙུན་བསོད་ནམས་དཔལ། སྤྲུལ་སྐུ་དབང་ཕྱུག་རྡོ་རྗེ། དེའི་སྲས་རྡོ་རྗེ་སེང་གེ དེའི་སྲས་རིན་ཆེན་སེང་གེ དེའི་སྲས་ཤཱཀྱ་སེང་གེ ལྕེ་བཙུན་གྲུབ་པའི་དབང་ཕྱུག་སངས་རྒྱས་སེང་གེ ཐམས་ཅད་མཁྱེན་པ་མཁྱེན་བརྩེ་དབང་ཕྱུག རྗེ་ཀུན་དགའ་ལུང་རིགས། སྡོམ་བརྩོན་དམ་པ་སྦྱིན་པ་གྲགས་པ།
འདི་ནི་ཕྱག་རྡོར་གཏུམ་ཆེན་ལྷ་ཉེར་གཅིག་གི་དབང་གི་བརྒྱུད་པ་བཞིན་བྲིས་པ་ཡིན་ལ། རྗེས་གནང་རྐྱང་པའི་བརྒྱུད་པ་ཞིག་ད་དུང་བཙལ་བར་བྱའོ། །འདིའི་གོང་གི་བརྒྱུད་པ་འགའ་ཞིག་བརྟག
དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །མི་གཡོ་བ་སྔོན་པོའི་རྗེས་གནང་ཆུ་སྲུང་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། ཕྱག་ན་རྡོ་རྗེ། ཛེ་ཏ་རི། རྡོ་རྗེ་གདན་པ་མཆེད། བ་རི་བ། ས་ཆེན། རྗེ་བཙུན་བསོད་རྩེ། རྗེ་བཙུན་གྲགས་པ། ཆོས་རྗེ་པཎྜི་ཏ། ཆོས་རྒྱལ་འཕགས་པ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། དཔལ་ལྡན་བློ་གྲོས་བརྟན་པ། དཔལ་ཚུལ་བ། ཤར་ཆེན་ཡེ་རྒྱལ། ངོར་