[A:༦ན]ཆེན་ཀུན་བཟང་། རྒྱལ་ཚབ་ཀུན་དབང་། འདྲེན་མཆོག་དཀོན་མཆོག་འཕེལ། རྗེ་ལྷ་མཆོག་སེང་གེ རྗེ་སངས་རྒྱས་སེང་གེ རྗེ་ཀུན་དགའ་ལུང་རིགས། སྡོམ་བརྩོན་དམ་པ་སྦྱིན་པ་གྲགས་པ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །མི་གཡོ་བ་དཀར་པོའི་སྒྲུབ་ཐབས་ཡོན་ཏན་ཁྲིས་མཛད་པའི་གསལ་བྱེད་ཡར་ཀླུང་པ་སེང་གེ་རྒྱལ་མཚན་གྱིས་མཛད་པ་ལ་སེམས་དཔའ་གསུམ་བརྩེགས་ཀྱི་སྒོམ་ཚུལ་བོགས་འདོན་སྡིགས་མཛུབ་ཀྱི་སྦྱོར་བ། ལེབ་རྒན་དར་གྱི་སྦྱོར་བ། བསྙེན་སྒྲུབ་ཀྱི་བར་ཆད་བསལ་བ། གྲིབ་སེལ། རྩོད་པ་ལས་རྒྱལ་ཐབས་ཀྱི་ལས་ཚོགས་རྣམས་ཀྱི་ཡི་གེའི་ལུང་ཐོབ་པའི་བརྒྱུད་པ་ནི། མི་གཡོ་བ། འོད་བྱེད་འབྱུང་གནས་དཔལ། ཁ་ཆེ་པཎ་ཆེན་དཱ་ལ་ཤི་ལ། མཁས་པ་ཡོན་ཏན་ཁྲི། འདུལ་འཛིན་བྱང་སེམས་པ། རྒྱལ་ཚ་ཆོས་དབང་བ། རྒྱལ་ཚ་གཞོན་ནུ་གྲགས། མཁན་ཆེན་ཕྱོགས་ལས་རྣམ་རྒྱལ། གཡག་སྟོན་སངས་རྒྱས་དཔལ་བ། རོང་སྟོན་ཤེས་བྱ་ཀུན་རིག པཎྜི་ཏ་གྲགས་པ་རྒྱལ་མཚན། མཁན་ཆེན་ལེགས་པའི་འབྱུང་གནས། ས་ལོ་འཇམ་པའི་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། ཤྲཱི་བ་བློ་གྲོས་རྒྱལ་མཚན། སྡོམ་བརྩོན་དམ་པ་སྦྱིན་པ་གྲགས་པ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །དཱ་ན་ཤཱི་ལས་མཛད་པའི་སྒྲུབ་ཐབས་དང་། སྒྲུབ་ཐབས་བསྟོད་པ་སོགས་མཁས་པ་ཡོན་ཏན་ཁྲིས་མཛད་པ་རྣམས་ཀྱི་ལུང་ཡང་ཐོས་སོ། ༈ །རི་ཁྲོད་མ་ལོ་མ་གྱོན་མའི་སྒྲུབ་ཐབས་བུམ་ཆོག་དང་བཅས་པ་ཆོས་རྒྱལ་འཕགས་པས་མཛད་པ། དེ་ལ་བརྟེན་ནས་