R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠ན
[A:༡༠ན]བསྟོད་པ། ཆོས་རྗེ་ཚུལ་ཁྲིམས་རྒྱལ་མཚན་ལ་བསྟོད་པ་གཉིས། མཁྱེན་བརྩེ་མ་རྒྱུད་ཀྱི་གསོལ་འདེབས། འཇམ་དབྱངས་ཀུན་དགའ་བསོད་ནམས་ལ་བསྟོད་པ། ཆོས་རྗེ་དབང་ཕྱུག་གྲུབ་པ་ལ་བསྟོད་པ། རྗེ་ཐུགས་རྗེ་དཔལ་བཟང་ལ་བསྟོད་པ། ཆོས་རྗེ་མགོན་པོ་དབང་ཕྱུག་ལ་བསྟོད་པ། བདེ་ལེགས་རྒྱལ་མཚན་ལ་བསྟོད་པ། བཤེས་གཉེན་དམ་པ་རབ་བརྟན་བཟང་པོ་ལ་བསྟོད་པ། བླ་མ་ཀུན་བརྩོན་པ་ལ་བསྟོད་པ། ཆོས་རྗེ་གང་བ་བཟང་པོ་ལ་བསྟོད་པ། མཁན་ཆེན་དཀོན་མཆོག་ཆོས་སྐྱབས་ལ་བསྟོད་པ། བླ་མ་ཚུལ་ཁྲིམས་དཔལ་ལ་བསྟོད་པ། རབ་འབྱམས་པ་རྒྱལ་རིན་ལ་བསྟོད་པ། བདེ་མཆོག་འཁོར་ལོའི་ལྷ་ཚོགས་ལ་བསྟོད་པ། སྒྲུབ་ཐབས་བརྒྱ་རྩའི་ལྷ་ཚོགས་ལ་བསྟོད་པ། ཤེར་ཕྱིན་དཀར་མོ་ལ་བསྟོད་པ། ཁྲོ་ཕུ་དང་དགའ་བ་གདོང་གི་བྱམས་པ་ལ་བསྟོད་པ། སྒྲོལ་མ་ཡིད་བཞིན་འཁོར་ལོའི་བསྟོད་པ་དངོས་གྲུབ་ཀྱི་ཕོ་ཉ་
བདུད་རྩིའི་ཆུ་རྒྱུན། འདོད་པའི་འབྲས་བུ་སྩོལ་བ། ཐུགས་རྗེ་རྒྱུན་ལྡན་མ། འོ་མཚོ་མ། མཚན་བརྒྱ་རྩ་བརྒྱད་ཀྱི་བསྡུས་དོན། དུས་གསུམ་རྒྱལ་བ་མ། འདོད་དོན་གསོལ་གདབ།
སོགས་སྒྲོལ་མའི་བསྟོད་པ། གཎྜིའི་བསྟོད་པ། ཨེ་ཝྃ་གི་བཀོད་པའི་བསྟོད་པ། སྒོ་རུམ་གྱི་མགོན་པོའི་བསྟོད་པ། ཡང་མགོན་པོའི་བསྟོད་པ་གཅིག རྣམ་སྲས་ལ་བསྟོད་པ། སྐྱེ་རབས་ཀྱི་ཕྲེང་བ་ཚིགས་སུ་བཅད་པ། བསམ་འགྲུབ་གླིང་གི་ལོགས་རིས་ལ་བསྟོད་པ། རྗེ་རྡོ་རྗེ་འཆང་གི་སྐུ་འདྲ་ལ་བསྟོད་པ། བདེ་བ་ཅན་གྱི་ཞིང་བཀོད་ལ་བསྟོད་པ། ལམ་འབྲས་བླ་བརྒྱུད་ཀྱི་བྲིས་ཡིག རྒྱལ་ཚབ་དམ་པའི་ཐུགས་དམ་བྲིས་ཡིག ཡིན་ཐང་ལ་ཞིབ་ཏུ་གཟིགས་པའི་བྲིས་ཡིག རྒྱལ་