R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༨ན
[A:༡༨ན]གསུང་དབང་། བཅུ་དྲུག་པ་མཚན་ཡང་དག་པར་བརྗོད་པའི་འཇམ་དཔལ། བཅུ་བདུན་པ་འཇམ་པའི་རྡོ་རྗེ་དཔའ་བོ་གཅིག་པ། བཅོ་བརྒྱད་པ་འཇམ་དཔལ་ཤེས་རབ་འཁོར་ལོ། བཅུ་དགུ་པ་འཕྲལ་དུ་ཉམས་སུ་མྱོང་བའི་ཨ་ར་པ་ཙ་ན་ལྷ་ལྔ། ཉི་ཤུ་པ་གཤིན་རྗེ་ནག་པོ་ཞལ་དྲུག་པ། ཉེར་གཅིག་པ་གཤིན་རྗེ་ནག་པོ་ཞལ་གསུམ་ཕྱག་དྲུག་པ། ཉེར་གཉིས་པ་གཤིན་རྗེ་པུ་ཛ་ན་བྷ་དྲས་མཛད་པ། ཉེར་གསུམ་པ་རྡོ་རྗེ་ཆོས། ཉེར་བཞི་པ་སེང་གེ་སྒྲ། ཉེར་ལྔ་པ་ཧ་ལ་ཧ་ལ་ལྷན་སྐྱེས་རོལ་པས་མཛད་པ། ཉེར་དྲུག་པ་ཁརྶ་པ་ཎི་ལྷ་ལྔ་རྙོག་པ་མེད་པས་མཛད་པ། ཉེར་བདུན་པ་ཡི་གེ་དྲུག་པ་གཙོ་འཁོར་གསུམ་པ་ལྷན་སྐྱེས་རོལ་པས་མཛད་པ། ཉེར་བརྒྱད་པ་ཧ་རི་ཧ་རི་ལ་བཞོན་པ། ཉེར་དགུ་པ་ཧ་ལ་ཧ་ལ་ལྷན་སྐྱེས་རོལ་པས་མཛད་པ། སུམ་ཅུ་པ་པདྨ་གར་དབང་སངས་རྒྱས་ཀྱིས་མཛད་པ། སོ་གཅིག་པ་སྒྱུ་འཕྲུལ་དྲ་བའི་སྤྱན་རས་གཟིགས་དགྲ་ལས་རྣམ་རྒྱལ་གྱིས་མཛད་པ། སོ་གཉིས་པ་སྒྲོལ་མ་རྡོ་རྗེ་མྱུ་གུས་མཛད་པ། སོ་གསུམ་པ་སྒྲོལ་མ་དཀར་མོ་གཙོ་འཁོར་གསུམ་པ་ཡིད་བཞིན་ནོར་བུ་རྒྱལ་པོས་མཛད་པ། སོ་བཞི་པ་སེང་ལྡེང་ནགས་སྒྲོལ་གཙོ་འཁོར་གསུམ་པ་སངས་རྒྱས་ཀྱིས་མཛད་པ། སོ་ལྔ་པ་སྒྲོལ་མ་དཀར་མོ་ངག་དབང་གྲགས་པའི་སྲས་ཀྱི་ཐུ་བོས་མཛད་པ། སོ་དྲུག་པ་ཨོ་རྒྱན་གྱི་འོད་ཟེར་ཅན། སོ་བདུན་པ་རྟོག་པ་ལས་གསུངས་པའི་འོད་ཟེར་ཅན། སོ་བརྒྱད་པ་རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་དཀར་མོ། སོ་དགུ་པ་མྱ་ངན་མེད་པའི་ཤིང་གི་འོད་ཟེར་ཅན། བཞི་བཅུ་པ་ཨོ་རྒྱན་གྱི་འོད་ཟེར་ཅན་ལྷན་སྐྱེས་རོལ་པས་མཛད་པ། ཞེ་གཅིག་པ་ཡང་ཨོ་