R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༨བ
[A:༡༨བ]རྒྱན་གྱི་འོད་ཟེར་ཅན། ཞེ་གཉིས་པ་ཙུནྡྷ། ཞེ་གསུམ་པ་གནོད་གནས་སེར་པོ་ཙནྡྲ་གོ་མིས་མཛད་པ། ཞེ་བཞི་པ་ཛམྦྷ་ལ་ནག་པོ་དག་པ་བྱིན་གྱིས་མཛད་པ། ཞེ་ལྔ་པ་ནོར་རྒྱུན་མ། ཞེ་དྲུག་པ་ཁྲོ་གཉེར་ཅན། ཞེ་བདུན་པ་བྱམས་པ། ཞེ་བརྒྱད་པ་ཤེས་ཕྱིན་དཀར་མོ་སངས་རྒྱས་ཀྱིས་མཛད་པ། ཞེ་དགུ་པ་ཤེས་ཕྱིན་དཀར་མོ་དགེ་བསྙེན་གྱི་བུས་མཛད་པ། ལྔ་བཅུ་པ་ཤེས་ཕྱིན་དཀར་མོ། ང་གཅིག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ང་གཉིས་པ་མདོར་བསྡུས་པའི་ཤེས་ཕྱིན། ང་གསུམ་པ་མི་གཡོ་བ་སྔོན་པོ་པྲ་བྷ་ཀ་ར་ཀརྟི་དང་གཞོན་ནུ་སྦས་པས་མཛད་པ། ང་བཞི་པ་གཏུམ་པོ་ཆེན་པོ། ང་ལྔ་པ་རྡོ་རྗེ་ཧཱུྃ་མཛད། ང་དྲུག་པ་རི་ཁྲོད་ལོ་མ་ཅན་མ། ང་བདུན་པ་དབྱངས་ཅན་མ་དམར་མོ། ང་བརྒྱད་པ་བགེགས་དགྲ ང་དགུ་པ་རལ་གཅིག་མ། དྲུག་ཅུ་པ་དུག་སེལ་མ། རེ་གཅིག་པ་རིག་བྱེད་མ། རེ་གཉིས་པ་རྟོག་པ་ལས་གསུངས་པའི་རིག་བྱེད་མ། རེ་གསུམ་པ་ཨོ་རྒྱན་གྱི་རིག་བྱེད་མ། རེ་བཞི་པ་ཨོ་རྒྱན་ནས་འབྱུང་བའི་རིག་བྱེད་མ། རེ་ལྔ་པ་ཁམས་གསུམ་དབང་དུ་བྱེད་པའི་སྤྱན་རས་གཟིགས་ས་ར་ཧས་མཛད་པ། རེ་དྲུག་པ་གནོད་གནས་དང་ནོར་རྒྱུན་མ་གནོད་སྦྱིན་ཕོ་མོས་བསྐོར་བ། རེ་བདུན་པ་རྒྱ་ནག་རིམ་པའི་སྒྲོལ་མ་བརྟག་པའི་རྡོ་རྗེས་མཛད་པ། རེ་བརྒྱད་པ་རྡོ་རྗེ་སྒྲོལ་མ་ལྷ་བཅུ་གཅིག་པ། རེ་དགུ་པ་གཤིན་རྗེ་གཤེད་དམར་པོ་ཡབ་ཡུམ། བདུན་ཅུ་པ་སོ་སོར་འབྲང་མ། དོན་གཅིག་པ་གཙུག་ཏོར་རྣམ་རྒྱལ། དོན་གཉིས་པ་རྨ་བྱ་ཆེན་མོ། དོན་གསུམ་པ་སྟོང་ཆེན་རབ་འཇོམས། དོན་བཞི་པ་གསང་སྔགས་རྗེས་འཛིན། དོན་ལྔ་པ་བསིལ་བའི་ཚལ་ཆེན་མོ། དོན་དྲུག་པ་ཕྱིར་བཟློག་