R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༢བ
[A:༤༢བ]པའི་འཁོར་ལོ། བསྣུན་པའི་འཁོར་ལོ། བུམ་པའི་ཆོ་ག་རྣམས་སློབ་དཔོན་འགྲོ་བཟང་སྙིང་པོས་མཛད་པ་ཟངས་དཀར་གྱིས་བསྒྱུར་པ། གོས་སྔོན་ཅན་གྱི་སྒྲུབ་ཐབས་ཀྱི་སྤྱི་དོན། སྒྲུབ་ཐབས། བུམ་ཆོག འཁྲུལ་འཁོར། གཏོར་ཆོག མཐུ་ཟློག སྦྱིན་སྲེག་གི་ཡི་གེ་ལུང་དང་བཅས་པ་
རྣམས་དགེ་སློང་ཆོས་དབང་ཕྱུག་གིས་མངོན་རྟོགས་སུ་སྦྱར་བ།
ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། ཀུན་ཏུ་བཟང་པོ། སློབ་དཔོན་འགྲོ་བཟང་སྙིང་པོ། ཁ་ཆེ་རིན་ཆེན་རྡོ་རྗེ། ཁ་ཆེ་དགོན་པ་བ། ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ། གཡེར་པོ་ཇོ་སྟོན། གཅུང་བསོད་ནམས་རིན་ཆེན། འཆིམས་ཕུ་བ་པདྨ་བཀྲ་ཤིས། བརྟག་པ་ལྷ་རྗེ་ཇོ་བཟང་། ཁྲོ་ཕུ་ལོ་ཙཱ་བ། བླ་ཆེན་བསོད་ནམས་དབང་ཕྱུག ཁྲོ་ཕུ་སེམས་དཔའ་ཆེན་པོ། སྤངས་བརྩེ་བ་རིན་ཆེན་སེང་གེ བུ་སྟོན་ཐམས་ཅད་མཁྱེན་པ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། སྐུ་ཞང་ནམ་མཁའ་མཆོག་གྲུབ། ཆོས་རྗེ་རིན་ཆེན་དཔལ་གྲུབ། མཁྱེན་རབ་རིན་ཆེན་མཆོག་གྲུབ། རྗེ་བཙུན་རྡོ་རིང་པ་ཆེན་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཟངས་དཀར་ལོ་ཙཱ་བས་སྟོད་ཀྱི་ཕྱོགས་སུ་གནང་བ་གཏུམ་སྟོན་བློ་གྲོས་གྲགས་ནས་བརྒྱུད་པའི་རྣམ་སྲས་སྟོད་ལུགས་སམ། བྱ་ཧེར་ལུགས་སུ་གྲགས་པའི་གསེར་ཆེན་ལྷ་དགུའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། ཟངས་དཀར་ལོ་ཙཱ་བ་ཡན་གོང་བཞིན་ལས། གཏུམ་སྟོན་བློ་གྲོས་གྲགས། གཏུམ་སྟོན་