[A:༤༣ན]ཡོན་ཏན་ཁུ་བསྒོམ་པ། མཁན་པོ་ལུང་སྟོན། སློབ་དཔོན་ལེགས་པའི་ཤེས་རབ། བྱ་སྡེར་བ་བྱང་ཆུབ་རིན་ཆེན། བྱ་སྡེར་བ་བྱང་ཆུབ་གཞོན་ནུ། མང་མཁར་བ་བློ་བཟང་དཀར་མོ། མང་མཁར་བློ་བཟང་གྲགས་པ། བཟང་ལྡན་མཁན་པོ་ཤཱཀྱ་བློ་གྲོས། འབུལ་དཔོན་རྡོ་རྗེ་རྒྱལ་པོ། རྡོ་རྗེ་འཆང་སྒོ་རུམ་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །སྨད་ཀྱི་ཆར་གཡོར་པོ་ཇོ་སྟོན་ལ་གནང་བས་སྨད་ལུགས་སུ་གྲགས་པ། རྒྱལ་པོ་ཆེན་པོ་ངལ་གསོས་པོ་བདེ་བྱེད་འཁོར་དང་བཅས་པ་དང་། དྲེགས་བྱེད་ཀླུ་བརྒྱད་ཀྱིས་བསྐོར་བའི་རྗེས་སུ་གནང་བ། བུ་སྟོན་ཐམས་ཅད་མཁྱེན་པའི་ཡི་གེའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། ཕྱག་རྡོར་གྱི་བརྒྱུད་པ་བཞིན་ནམ། ཡང་ན་ཕྱག་ན་རྡོ་རྗེ། ཀ་མ་རུ་པ། ཀ་ཧ་ན་པ། འགྲོ་བཟང་སྙིང་པོ། ཁ་ཆེ་རིན་ཆེན་རྡོ་རྗེ། ཁ་ཆེ་སརྫ་ན། ཁ་ཆེ་ཏེ་ཛ། དེ་ཝ། ཟངས་མཁར་ལོ་ཙཱ་བ། ཞུ་ས་སྐྱ་པ། ཇོ་བཙུན་གྲགས་པ་སེང་གེ རྒྱ་སྟོན་སྒྲུབ་པ་པོ། རྒྱ་སྟོན་གྲུབ་མཆོག བླ་མ་རྡོ་རྗེ་དཔལ། ཁྲོ་ཕུ་བ་སེམས་དཔའ་ཆེན་པོ། སྤངས་རྩེ་བ་རིན་ཆེན་སེང་གེ བུ་སྟོན་ཐམས་ཅད་མཁྱེན་པ་མན་འདྲ། ཡང་ན་བུ་སྟོན་ཡབ་སྲས། སློབ་དཔོན་རིན་ཆེན་བསོད་ནམས་འཕེལ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། རྗེ་བཙུན་ཡབ། ཆོས་རྒྱལ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ། ཚར་ཆེན་ཐམས་ཅད་མཁྱེན་པ་མན་