R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༣བ
[A:༤༣བ]འདྲ། ཡང་ན་ཁྲོ་ཕུ་ལོ་ཙཱ་བ། མཁན་ཆེན་བྱང་ཆུབ་དཔལ། མཁན་ཆེན་བདེ་བ་དཔལ། མཁན་ཆེན་ཀ་བཞི་པ། མཁན་ཆེན་བསོད་ནམས་གྲགས་པ། མཁན་ཆེན་རིན་ཆེན་རྒྱལ་མཚན། མཁན་ཆེན་རྒྱལ་བ་ཕྱག་ན། མཁན་ཆེན་ཀུན་དགའ་བློ་གྲོས། རྗེ་རྡོ་རིང་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོ་མན་འདྲ། ཡང་ན་སྐྱོར་མོ་ལུང་པའི་ཕྱག་ལེན་ལྟར་ཐོབ་པའི་བརྒྱུད་པ་ནི། སློབ་དཔོན་འགྲོ་བཟང་། གྲུབ་ཆེན་བྷེཾ་ཀ་ར་ཝ་ཏི། ཁ་ཆེ་དགོན་པ། ཟངས་མཁར་ལོ་ཙཱ་བ། གཡོར་པོ་ཇོ་སྟོན་རྩེ་མོ། སྦལ་ཏིང་དགྲ་བཅོམ་པ་སེམས་དཔའ་རྒྱལ་མཚན། མཁན་ཆེན་ཤེས་རབ་སེང་གེ བསམ་ཡས་པ་ཚུལ་ཁྲིམས་དབང་ཕྱུག སེ་བ་ཅན་པ་ཡོན་ཏན་ཚུལ་ཁྲིམས། མཁན་ཆེན་ཤེས་རབ་རྡོ་རྗེ། མཁན་ཆེན་ཀ་བཞི་པ། དགའ་ལྡན་ཕུག་པ་བློ་བཟང་གྲགས་པ། དེ་གཉིས་ལས་མཁན་ཆེན་ཆོས་ཀྱི་རྒྱལ་མཚན། པཎ་ཆེན་ཤཱཀྱ་མཆོག་ལྡན། བྲག་དམར་བ་ཀུན་དགའ་ཚེ་འཕེལ། སྤྱན་སྔ་ཤཱཀྱ་རྒྱལ་མཚན། ཚར་ཆེན་ཆོས་ཀྱི་རྒྱལ་པོ་མན་འདྲ། ༈ །འཕགས་པ་ཀླུ་སྒྲུབ་ཀྱིས་སྤྲང་པོ་ཉི་མའི་དངོས་གྲུབ་བསྒྲལ་བའི་ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་རྟ་སྔོན་བདུད་མོ་བཞི་བསྐོར་དང་། ནང་མ་མོ་ལྟར་བསྒྲུབ་པ་ལྷ་དགུའི་རྗེས་སུ་གནང་བ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། སློབ་དཔོན་ཀླུ་སྒྲུབ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། དཔལ་ཀུན་ཏུ་བཟང་པོ། འགྲོ་བཟང་སྙིང་པོ། བྷྲེཾ་ཀེ་ར་ཝ་ཏི། ཁ་ཆེ་དགོན་པ་བ། ཟངས་མཁར་ལོ་ཙཱ་བ། བྷལ་ཏི་སེམས་དཔའ་རྒྱལ་མཚན། མཁན་ཆེན་བརྩོན་འགྲུས་དབང་ཕྱུག མཁན་ཆེན་ཞིག་པོ་ཤེས་རབ་སེང་གེ བསམ་ཡས་པ་ཚུལ་ཁྲིམས་