R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༤ན
[A:༤༤ན]དབང་ཕྱུག སེ་བ་ཅན་པ་ཡོན་ཏན་ཚུལ་ཁྲིམས། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་བློ་གྲོས་བཟང་པོ། བླ་མ་ཆོས་སྐྱོང་བཟང་པོ། དགའ་ལྡན་ཕུག་པ་བློ་བཟང་གྲགས་པ། མཁན་ཆེན་ཆོས་རྒྱལ་མཚན་པ་མན་འདྲ། ༈ །ཡང་གསང་སྲིན་པོ་བཞི་བསྐོར་ཐོབ་པའི་བརྒྱུད་པ་ནི་སྔར་བཞིན་ནོ། །ཡང་ན། ཚར་ཆེན་ཆོས་ཀྱི་རྒྱལ་པོ། རྗེ་མཻ་ཏྲི་པ། སྤྱན་སྔ་ཆོས་རྒྱ་མཚོ། རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཤུ་རཾ་ག་ཝརྨའི་ལུགས་ཀྱི་རྣམ་སྲས་མཐིང་ཁ་ཞལ་གསུམ་ཕྱག་དྲུག་པ་ལྷ་བཅོ་ལྔའི་རྗེས་གནང་། ལས་མཁན་དང་བཅས་པའི་མདུང་དམར་ཅན་གཙོ་འཁོར་གཉིས་ཀྱི་རྗེས་གནང་། གར་མཁན་མཆོག་ལྗང་ཁུ་ཞལ་གཅིག་ཕྱག་བཅོ་བརྒྱད་འབྲུག་ཞོན་གྱི་རྗེས་གནང་། གར་མཁན་མཆོག་དམར་སྨུག་ཞལ་གསུམ་ཕྱག་བཅོ་བརྒྱད་ཀྱི་རྗེས་གནང་། དྲེགས་བྱེད་སྲིན་པོ་བཞིས་བསྐོར་བའི་རྗེས་གནང་། དྲེགས་བྱེད་སེང་ཞོན་ཀླུ་བརྒྱད་ཀྱིས་བསྐོར་བའི་རྗེས་གནང་། རྣམ་སྲས་དཀར་པོ་ཚེ་འཕེལ་གྱི་རྗེས་གནང་རྣམས་ཐོབ་པའི་བརྒྱུད་པ་ནི་གོང་བཞིན་ནོ། །ཡང་ན་ཚར་ཆེན་ཆོས་ཀྱི་རྒྱལ་པོ། རྗེ་མཻ་ཏྲི་པ། སྤྱན་སྔ་ཆོས་རྒྱ་མཚོ། རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །སློབ་དཔོན་པདྨའི་གདམས་པ་ཞང་ལྷ་བཟང་ཀླུ་དཔལ་གྱིས་བྷ་ཏ་ཧོར་བཅོམ་པའི་ཞི་དྲག་གཉིས་ཐོབ་པའི་སྐོར་ལ། ཐོག་མར་ཞི་བ་རྣམ་སྲས་ལྗང་