[A:༤༤བ]ཡུལ་མའམ་སྤྲིན་གསེབ་མར་གྲགས་པ་གསེར་ཆེན་ལྷ་དགུའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། ཕྱག་ན་རྡོ་རྗེ། སློབ་དཔོན་པདྨ། ཁྲི་སྲོང་ལྡེ་བཙན། ཞང་ལྷ་བཟང་ཀླུ་དཔལ་ནས་བརྒྱུད་དེ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། མུས་ཆེན་རྣམ་རྒྱལ་བཟང་པོ། ཤྃ་བྷ་ར་ཀུན་དགའ་སངས་རྒྱས། ཚར་ཆེན་ཆོས་ཀྱི་རྒྱལ་པོ་མན་འདྲ། ཡང་ན་ཚར་ཆེན། མཻ་ཏྲི་པ། སྤྱན་སྔ་ཆོས་རྒྱ་མཚོ། རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་དྲག་པོ་ཡང་གསང་མདུང་དམར་ཕྱག་མཚན་བཞི་པ་གཙོ་འཁོར་གྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། གསང་བའི་བདག་པོ། སློབ་དཔོན་དགའ་རབ་རྡོ་རྗེ། མཁས་པ་བཻ་རོ་ཙཱ་ན། རྒྱལ་པོ་གཡུ་སྒྲ་སྙིང་པོ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། ཞང་ལྷ་བཟང་ཀླུ་དཔལ། དེས་སྐུ་འབག་དང་ལྷན་ཅིག་ཏུ་བྱ་རྒོད་གཤོང་དུ་གཏེར་དུ་སྦས་པ་གཉལ་པ་ཉི་མ་ཤེས་རབ་ཀྱིས་སྤྱན་དྲངས་ཏེ་སྣུར་ཉི་མ་ལ་གནང་། དེས་དབུས་པ་དམར་སྟོན། སློབ་དཔོན་བཅུར་སྟོན། འོད་ཟེར་བླ་མ། ཛྙ་ན་ལཀྵ། ཐབས་ཀྱི་བློ་གྲོས། མཁན་པོ་དགེ་འདུན་རྒྱལ་མཚན། སློབ་དཔོན་ནམ་མཁའ་གྲགས་པ། བླ་མ་བསོད་ནམས་རིན་ཆེན། བླ་མ་དཔལ་ལྡན་པ། གཉག་ཕུ་བ་བསོད་ནམས་བཟང་པོ། མཁན་ཆེན་པདྨ་བཟང་པོ། མཁན་ཆེན་ཆོས་ཀྱི་དབང་ཕྱུག མཁན་ཆེན་ཆོས་གྲུབ་སེང་གེ ཀླུ་དབང་གླིང་པ་ཀུན་དགའ་རྒྱལ་པོ། དྲིན་ཅན་ཚེ་དབང་བཀྲ་ཤིས། ཚར་ཆེན་ཆོས་ཀྱི་རྒྱལ་པོ་མན་འདྲ། ཡང་ན་ཚར་ཆེན་ཆོས་ཀྱི་རྒྱལ་པོ། རྗེ་མཻ་ཏྲི་