[A:༤༥ན]པ། སྤྱན་སྔ་ཆོས་རྒྱ་མཚོ། རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ན་ཕྱག་རྡོར། མི་ཕམ་སྐྲའི་ལྭ་བ་ཅན། སློབ་དཔོན་ཨ་བྷྱ་ཀ་ར། ཟངས་མཁར་ལོ་ཙཱ་བ། ཐུགས་སྲས་མང་སྟོན། རིན་པོ་ཆེ་སོ་པ། སོ་པ་བྱང་ཆུབ་ཡོན་ཏན། དཔལ་སྒ་ལོ། བླ་མ་དཔལ་ལྡན་སེང་གེ བུ་སྟོན་ཐམས་ཅད་མཁྱེན་པ། ཐུགས་སྲས་སེམས་དཔའ་ཆེན་པོ། གཉག་ཕུ་བ་མཁན་ཆེན་སེང་གེ་དཔལ་བ། མཁན་ཆེན་རབ་འབྱོར་སེང་གེ མཁན་ཆེན་ཆོས་རྒྱལ་མཚན་མན་འདྲ། ༈ །རྒྱལ་པོ་ཆེན་པོ་གསང་སྒྲུབ་བེ་ཅོན་ཅན་མའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། ཁྲོ་ཕུ་བ་ཡན་གསེར་ཆེན་དང་འདྲ། དེ་ནས་མཁན་ཆེན་གཙང་པ་དབང་ཕྱུག་གྲགས། མཁས་པ་བྱང་ཆུབ་གྲགས། མཁན་ཆེན་དང་མ་བ། ཐོག་སྔོན་ཤེས་རབ་རྡོ་རྗེ། བླ་མ་རིན་ཆེན་རྒྱ་མཚོ། བླ་མ་རིན་ཆེན་དཔལ། ཆོས་རྗེ་ཤཱཀྱ་ཡེ་ཤེས། མཁན་ཆེན་ཆོས་རྒྱལ་མཚན། པཎ་ཆེན་ཤཱཀྱ་མཆོག་ལྡན། ཆོས་རྗེ་ཀུན་དགའ་ཚེ་འཕེལ་བ། སྤྱན་སྔ་ཤཱཀྱ་རྒྱལ་མཚན། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ན་ཚར་ཆེན་ཆོས་ཀྱི་རྒྱལ་པོ། རྗེ་མཻ་ཏྲི་པ། སྤྱན་སྔ་ཆོས་རྒྱ་མཚོ། རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་