[A:༤༥བ]ཀུན་དགའ་བསོད་ནམས་ལའོ། ༈ །དེ་དག་གི་རྒྱབ་ཆོས་ལུང་གི་སྐོར་ལ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་སྒྲུབ་ཐབས་ཡིད་བཞིན་ནོར་བུ། དེའི་ཊིཀྐ །བདེ་བྱེད་ཀྱི་རྟོག་པ། གསེར་འོད་འབར་བའི་སྒྲུབ་ཐབས་འགྲོ་བཟང་གིས་མཛད་པ། དེའི་ཊིཀྐ །སྲེ་ཐོད་ཀྱི་ཞལ་གདམས། བཻ་ཤྲཱ་མ་ཎའི་རྟོག་པ་གསུམ་པ་དང་། ལྟས་ངན་གཏོང་བ་དང་། སྔགས་པ་འཁོན་རྒྱས། རྒྱལ་པོ་དང་བུད་མེད་དབང་དུ་བསྡུ་བ་སོགས་ལས་ཚོགས་མང་པོ་ཡོད་པའི་དཔེ་ཚན་གཅིག རྣམ་སྲས་ཀྱི་ལོ་རྒྱུས་སྤོས་ཁང་པ་རིན་ཆེན་རྒྱལ་མཚན་གྱིས་མཛད་པ། རྣམ་སྲས་ཀྱི་སྐྱེ་རབས་ལོ་རྒྱུས། ལྷ་བཟང་ཀླུ་དཔལ་གྱི་སྐུ་རྟེན་སྤྱན་དྲངས་པའི་ཡི་གེ གར་མཁན་མཆོག་གི་རྒྱུད་ལེའུ་བཅུ་དྲུག་པ། སྐྱེ་རབས་གར་མཁན་མཆོག་གི་བརྟག་པ་ཕྱི་མ་ལས་ཕྱུང་བ། སྣ་ཚོགས་དག་པའི་རྒྱུད་ལེའུ་ཉེར་དགུ་ཡོད་པ། འགྲོ་བཟང་དང་ཟངས་མཁར་གྱི་འགྱུར། ཡོན་ཏན་རིན་པོ་ཆེའི་རྒྱུད་ལེའུ་གཅིག་པ། སྣ་ཚོགས་རབ་ཏུ་གྲུབ་པ་ཞེས་བྱ་བའི་རྒྱུད་ལེའུ་ཉི་ཤུ་རྩ་བདུན་པ། རྣམ་སྲས་ཀྱི་རྒྱུད་ལེའུ་བཅུ་དགུ་པ། སངས་རྒྱས་གསང་བས་མཛད་པའི་སྒྲུབ་ཐབས་ལོ་ཙཱ་བ་མཉྫུ་ཤྲཱིས་བསྒྱུར་པ། ནོར་གནས་ཀྱི་སྒྲུབ་ཐབས། ཡང་སྒྲུབ་ཐབས་ཆུང་ངུ་གཅིག གསང་སྒྲུབ་སྲེ་ཐོད་མ་རྣམ་སྲས་ཀྱིས་ཟངས་མཁར་བ་ལ་གནང་བ། གཏོར་ཆོག་བསྟོད་པ་དང་བཅས་པ། གཏོར་ཆོག་ཆེན་མོ། མན་ངག་ཐུན་མོང་མ་ཡིན་པ་ཕྱི་ནང་གི་བསྒྲུབ་ལུགས། ཚེ་བསྒྲུབ་པ། བསེ་རག་ཁ་འཆིང་རྣམས་འགྲོ་བཟང་གིས་མཛད་པ། སྲེ་ཐོད་ལ་བརྟེན་ནས་བསྒྲུབ་ལུགས། བྱིས་པ་ཁ་སྤྲོད་རྐུན་ཅན་གྱི་ལག་པ་ལ་བརྟེན་ནས་ནོར་བསྒྲུབ་པའི་མན་ངག་